དབུ་ཤོག
  • ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-02

    ལྗོངས་ཏང་ཨུད་ཀྱིས་ཆོག་མཆན་གནང་བ་བརྒྱུད། ཚེས་28ཉིན། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས། ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་ལག་བསྟར་དང་སྙན་ཞུ་གསན་པ་མ་ཟད། ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་པད་མ་དབང་འདུས་དང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཀྲོང་ཡན་གྱིས་དང་ཐོག་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས། ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་། རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལྷག་པར་དུ་རྒྱལ་ཁབ་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “སྤྱི་ཡོངས་གཉིས”བློ་ལ་འཆང་བ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ། འཕེལ་ཕྱོགས་ཆེན་པོར་ལྟ་མཁས་པ་དང་དོན་ཆེན་གཉེར་མཁས་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་དང་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་སྐོར་གཟིགས་ཚུར་ལན་གྱི་གནད་དོན་དག་ཐེར་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་དགོས་པའི་ཆེད་དོན་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བའི་བསམ་བློའི་མཐོ་ཚད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་འགན་ལེན་བྱེད་པའི་ལས་ཀའི་མཐོ་ཚད་བཅས་ནས། ཉེ་དུས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་དངོས་འཛིན་གང་ལེགས་བྱེད་པ་དང་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས།

    གཉིས་ནས་དུས་མཚམས་གསར་པ་ཁོང་དུ་ཆུད་པར་བྱས་ནས་དུས་བབ་གསར་པར་ངོས་འཛིན་གསལ་པོ་དང་། དམིགས་ཚད་གསར་པར་དམིགས་ནས་འགན་འཁྲི་ཆེ་རུ་བཏང་སྟེ། སྤྱི་ཚོགས་ངོས་ཀྱི་སྔོན་འགོག་དང་ཚོད་འཛིན་དང་། འགལ་ཟླ་གྲལ་བཤེར་དང་འདུམ་འགྲིག རིམས་ནད་སྔོན་འགོག་དང་ཚོད་འཛིན། སྤྱི་པའི་བདེ་འཇགས་ལྟ་འདོམས། འཕྲལ་སྡོམ་ཐག་གཅོད་ཀྱི་གྲ་སྒྲིག་སོགས་གཙོ་གནད་ལས་དོན་བཅུ་ལ་དམིགས་ནས། བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དང་ལས་ཀའི་བྱེད་ཐབས་མུ་མཐུད་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་མཐའ་གཅིག་ཏུ་འགན་ལེན་བྱེད་དགོས།

    གསུམ་ནས་ཏང་གིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་དཔྱད་ཞིབ་ལམ་སྲོལ་འཛུགས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། མཉམ་སྒུལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཏང་གི་འགོ་ཁྲིད་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱི་ཆབ་སྲིད་དང་། བསམ་བློ། རྩ་འཛུགས་བཅས་འཛུགས་སྐྱོང་གི་ཕྱོགས་ཁག་ལ་ཁྱབ་པ་དང་། ཐབས་ཇུས་དང་། ལག་བསྟར། ལྟ་སྐུལ་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱས་ནས། བརྟན་ལྷིང་སྲུང་སྐྱོང་གི་རྩ་འཛུགས་ཀྱི་འགོ་ཁྲིད་དང་། འགན་འཁྲིའི་ལས་འགན། ལས་ཀའི་བྱེད་ཐབས་བཅས་མཐའ་གཅིག་ཏུ་དོན་འཁྱོལ་གནད་སྨིན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།