དབུ་ཤོག
  • མཇིང་ཚིགས་ནད་ཀྱི་རྒྱུན་གཏན་འཕྲོད་སྦྱོར། (སྟོད་ཆ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-28

    1.མཇིང་པའི་འཕུར་མཉེད་དང་འཕྲོད་སྦྱོར།

    ལག་གཡས་པའི་གོང་མཛུབ་དང་། དཀྱིལ་མཛུབ། སྲིན་མཛུབ། མཐེ་ཆུང་བཅས་བསྐུམས་ནས་མཇིང་པའི་སྒང་ནས་འོག་ཏུ་འཕུར་མཉེད་ཤུགས་ཆུང་ཆུང་ནས་ཆེ་རུ་བཏང་སྟེ་ཐེངས་གསུམ་ནས་ལྔ་བར་གཏོང་དགོས། དེ་ནས་ལག་པ་གཞན་དེས་གོང་གི་ཐབས་ཤེས་ལྟར་ཡང་བསྐྱར་འཕུར་མཉེད་གཏོང་དགོས། ལག་གཡོན་མས་གཞོགས་གཡས་ཀྱི་མཇིང་པ་དང་ཕྲག་པའི་མཚམས་སུ་འཕུར་མཉེད་ཐེངས་གསུམ་ནས་ལྔ་བར་གཏོང་བ་དང་། དེ་ནས་ལག་གཡས་པས་གཞོགས་གཡོན་གྱི་མཇིང་པ་དང་ཕྲག་པའི་མཚམས་སུ་འཕུར་མཉེད་ཐེངས་གསུམ་ནས་ལྔ་བར་གཏོང་དགོས། ལག་གཉིས་ཀྱི་མཐེ་བོང་གིས་ལྟག་ཁུང་དུ་སྐར་མ་ཕྱེད་ཀ་མནན་ཚེ། ཏོག་ཙམ་ན་བའི་ཚོར་སྣང་ཡོང་སྲིད། མཇིང་པ་རྒྱབ་མདུན་གཡས་གཡོན་དུ་དགྱེ་གུག་བྱེད་པ་དང་མགོ་ནང་སྐོར་ཅིག་རྒྱག་པ་དང་ཕྱི་སྐོར་ཅིག་རྒྱག་པའི་ལུས་རྩལ་རྩེ་དགོས།

    2.རང་ལ་འཚམ་པའི་སྔས་མགོ་ཇི་ལྟར་འདེམས་དགོས་སམ།

    ⑴.གན་རྐྱལ་དུ་ཉལ་སྐབས་མཇིང་པ་སྟོང་པར་མི་ལུས་པ་དང་གནོན་ཤུགས་སྙོམས་པོ་ཡོང་བ་བྱེད་དགོས།

    ⑵.དཔུང་ཞེང་ནས་མགོའི་ཞེང་ཚད་འཐེན་པ་དང་དེར་གཉིས་ཀྱིས་བགོས་ན་རང་ཉིད་ལ་འཚམ་པའི་སྔས་མགོའི་མཐོ་ཚད་ཡིན།

    ⑶.སྔས་མགོ་དཔུང་པ་ཡོད་སར་བརྒྱབ་ནས་མཇིང་པ་དང་ལྟག་རྒྱབ་ལ་སྔས་ཡོད་པ་བྱེད་དགོས།

    ⑷.ངོས་ཀྱི་ཚངས་ཐིག་ལ་ལི་སྨི་15དང་རིང་ཚད་ལ་ལི་སྨི་40ཡོད་པ་དང་བྲ་ཤུན་བླུགས་པའི་སྔས་རིལ་བརྒྱབ་ན་འཚམ་ཤོས་ཡིན།

    3. ལས་ཀ་བྱེད་རིང་མཇིང་ཚིགས་ནད་ལ་འགོག་བཅོས་བྱེད་སྟངས།

    ⑴.གློག་ཀླད་ཀྱི་ཤེལ་ངོས་དང་མིག་དབར་བར་ཐག་འོས་འཚམ་འཇོག་པ་དང་། ཤེལ་ངོས་ལ་ལྟ་སྐབས་མགོ་ཡར་བཀྱགས་ནས་མི་ལྟ་བ་དང་ཡག་ཤོས་བྱུང་ན་ཁ་ཐུག་ཏུ་ལྟ་དགོས་པ་དང་། ཐུར་ལ་ཕྲན་ཙམ་ལྟས་ན་ཡང་སྐྱོན་མེད།

    ⑵.སྒྲོག་ཙེའི་ངོས་ཀྱི་མཐོ་ཚད་འཚམ་ཤོས་ནི་བྲང་རུས་དཀྱིལ་སྨད་ཀྱི་གསུམ་ཆ་གཅིག་སར་ཡིན་པ་དང་རྒྱུན་གཏན་སྟོད་ཐུང་གི་ཐེབས་ཆི་ཨང་གཉིས་པའམ་ཡང་ན་གསུམ་པའི་སར་སླེབས་ཀྱི་ཡོད།

    ⑶.ལས་ཀའི་བར་གསེང་དུ་ཡར་ལངས་ནས་འཆམ་འཆམ་དུ་ཕྱིན་ཏེ་ཐག་རིང་སར་ལྟ་བ་དང་། ད་དུང་རྐེད་ཚིགས་དང་མཇིང་ཚིགས་ལ་སྒུལ་སྐྱོད་མང་ཙམ་བྱེད་དགོས།

    ⑷.རྐུབ་བཀྱག་དམའ་ཙམ་བཟོས་ཏེ་མགོ་བོ་སྒུར་སྒུར་བྱས་དྲགས་རྒྱུ་མེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།