དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་5000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-02-27

    ཟླ་2ཚེས་25ཉིན་གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། གྲངས་གཞི་ལས་མངོན་གསལ་བོད་ལྗོངས་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་5010.39ཟིན་ཏེ་ཐེངས་དང་པོར་སྒོར་དུང་ཕྱུར་5000ལས་བརྒལ་ཡོད་པ་དང་། དེ་ལོ་འགོ་ལས་དུང་ཕྱུར་53.31འཕར་བ་དང་འཕར་ཚད་1.08%ཟིན་ཡོད། དེ་དུས་མཚུངས་ལས་དུང་ཕྱུར་293.55འཕར་བ་དང་འཕར་ཚད་6.22%ཟིན་ཡོད། བོད་ལྗོངས་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ཁག་གི་ལྷག་གྲངས་ཀྱིས་ཟིན་ཐོ་གསར་པ་ཡང་སེ་བཏོད་དེ་དངུལ་རྩས་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་སྤུས་ཚད་མཐོ་བའི་མཆོང་སྐྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ནུས་པ་ཆེན་པོ་སྦྱིན་ཡོད།

    2021ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་ཚུགས་པའི་ལོ་ཞིག་རེད། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་མཛུབ་ཁྲིད་འོག་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་མ་ལག་གིས་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིས་རྒྱུན་མཐུད་ངང་ནུས་ལྡན་གྱི་ཡིད་རྟོན་དངུལ་བུན་གཏོང་རྒྱུར་ཁྲིད་སྟོན་དང་། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཆ་རྐྱེན་ལེགས་གཏོང་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་དངུལ་རྩའི་ལས་རིགས་ཀྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།