དབུ་ཤོག>གསར་འགྱུར།
  • “བོད་ཤར་གྱི་དྭངས་གསལ་མུ་ཏིག”—བོད་ལྗོངས་ཆབ་མདོར་ཐུར་ལྟ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-02-23

    177397_yis_1614009600000_s.jpg

    འདི་ནི་ཟླ་2ཚེས་17ཉིན་པར་བླངས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཡིན་པ།

    ཆབ་མདོ་ནི་བོད་ཀྱི་ཤར་རྒྱུད་དུ་གནས་པ་དང་མཚོ་སྔོན་དང་། སི་ཁྲོན། ཡུན་ནན་བཅས་ཀྱི་སྦྲེལ་མཚམས་ཡིན་པ་དང་། འཕྲེད་རྒྱུག་རི་རྒྱུད་དང་གཙང་གསུམ(འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ)རྒྱུག་ཁུལ་དུ་གནས་ཤིང་། ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན་པས“བོད་ཤར་གྱི་དྭངས་གསལ་མུ་ཏིག”ཅེས་པའི་མཚན་སྙན་ལྡན་ཡོད།

    སྔོན་ཆད་ཆབ་མདོའི་སྡོད་ཁང་གི་ཐོག་དཔངས་དམའ་བ་དང་། འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་པ། འཕེལ་རྒྱས་རྗེས་ལུས་བཅས་ཡིན་པ་དང་། ལོ་བཅུ་གྲངས་རིང་འཕེལ་རྒྱས་བཏང་བ་བརྒྱུད་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བའི་འགྱུར་ལྡོག་བྱུང་བ་སྟེ། གྲོང་ཁུལ་དུ་ཐོག་ཁང་བསྐྲུན་པ་དང་། ཁྲོམ་གཞུང་དུ་རླངས་འཁོར་མང་བ། འགྲིམ་འགྲུལ་དྲ་རྒྱ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་བཅས་ཐུབ་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཆབ་མདོ་གསར་པ་ཞིག་ས་མཐོའི་གྲོག་རོང་དུ་འགྱིང་ངེར་ཆགས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།