དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་སུམ་སྟོང་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-18

    ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཀྲུང་དབྱང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ། གཙོ་གནད་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་འཛད་སྤྱོད་རིམ་སྤོར་ལ་འདེགས་སྐྱོར་བྱེད་པ་དང་། ཞན་ཆ་བསལ་ནས་གྲོང་གསེབ་ཀྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཡོང་བ་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་3388.83ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལས་82.18%འཕར་ནས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོ་ཡིན་པའི་འཛད་སྤྱོད་ཀྱི་ནུས་པ་སྔར་བས་བརྟན་དུ་ཕྱིན་ཡོད།

    གྲངས་གཞི་ལས་མངོན་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་དངུལ་འབོར་འཕར་མགྱོགས་ཤོས་ཀྱི་དུས་མཚམས་སུ་སླེབས་ཏེ་སྒོར་དུང་ཕྱུར་500(2016ལོ)དང་། སྒོར་དུང་ཕྱུར་600(2017ལོ) སྒོར་དུང་ཕྱུར700(2018ལོ)བཅས་ཀྱི་འགག་སྒོ་ཆེན་པོ་ལས་སྔ་རྗེས་སུ་བསྒྲལ་ཏེ་ཧ་ལམ་ལོ་རེར་སྐས་རིམ་ཆེན་པོ་རེར་སླེབས་ཡོད། 2020ལོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་745.78ཟིན་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་56.33%འཕར་ཏེ་ལྗོངས་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་དྲ་ཐོག་སིལ་ཚོང་ཡོང་འབབ་མྱུར་པོ་འཕར་ནས་ལོའི་ཆ་སྙོམས་འཕར་ཚད་94.43%ཟིན་ཞིང་། 2020ལོར་ལྗོངས་ཡོངས་ཀྱི་དྲ་ཐོག་སིལ་ཚོང་ཡོང་འབབ་སྒོར་དུང་ཕྱུར་116.7ཟིན་པ་དེ་དུས་མཚུངས་ལས་122.29%འཕར་ནས“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་2678.57%འཕར་ཏེ་འཕར་ཚད་ལྡབ་27ཙམ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།