དབུ་ཤོག>གསར་འགྱུར།
  • དུས་རབས་གསར་པར་འབད་བརྩོན་བྱེད། རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-18

    112063_yis_1613491200000_s.jpg

    འདི་ནི་རྫོང་རྒྱབ་ཀླུ་ཁང་གི་ཟུར་ཞིག་ཡིན་པ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་5རེད།

    ལོ་5ཡི་རིང་། ལྷ་ས་གྲོང་ཁྱེར་ལ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་བསྐྲུན་པའི་དཔེ་སྟོན་གྲོང་ཁྱེར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར། རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་གྲོང་ཁྱེར། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར། རྒྱལ་ཡོངས་ཀྱི་སྤུས་ཚད་ལེགས་པའི་དཔེ་སྟོན་གྲོང་ཁྱེར། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཚད་ལྡན་ཅན་གྱི་དཔེ་སྟོན་ཚན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་བཅུ་གྲངས་ཐོབ་ཡོད་པ་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ནས། གནད་སྨིན་དབུལ་སྒྲོལ་དང་། སྦགས་བཙོག་འགོག་བཅོས། ཉེན་ཁ་ཆེ་རིགས་སྔོན་འགོག་དང་སེལ་བ་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་པ་བརྒྱུད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་ལེགས་གྲུབ་བདེ་བླག་ཐུབ་པ་དང་སྦྲགས། བདེ་སྡོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ལྡན་པའི་འབྱོར་འབྲིང་ལྷ་ས་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

    དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་དམིགས་ཏེ་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་བཟང་སྒྲིག་ཤུགས་ཆེན་བྱས་པ། 

    ལོ་5ཡི་རིང་། ལྷ་ས་གྲོང་ཁྱེར་གྱིས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་རྒྱུ་དམ་འཛིན་བྱེད་གཞིར་བརྩིས་ནས། བརྟན་པོ་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། ཉེན་ཁ་སྔོན་འགོག་བཅས་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཟོ་བ་དང་ལག་བསྟར་བྱས་ཏེ། དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་རྒྱུན་མཐུད་ཆེ་རུ་འགྲོ་བའི་ཕྱི་རོལ་གྱི་ཁོར་ཡུག་ལ་ཁ་གཏད་བཅག་ཡོད། མ་འཇོག་གི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། རིམ་རྩིས་ལྟར་ན་ས་གནས་ཀྱི་མ་དངུལ་སྒོར་དུང་ཕྱུར་107.27བཀོད་སྒྲིག་བྱས་པ་དེ“ལོ་ལྔ་ཚན་བཅུ་གཉིས་པ”ལས་ལྡབ་1.6འཕར་ཡོད་པ་རེད།

    ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཚན་ཞིབ་རྣམ་གྲངས་ཁག་70ལྷག་ཙམ་ལག་བསྟར་བྱས་པས། སོན་བཟང་འདེམས་གསོ་དང་། འདེབས་གསོའི་ལག་རྩལ། སོན་བཟང་འགན་ལེན་དང་རྒྱ་སྐྱེད་སོགས་ཀྱི་ལས་དོན་ལ་ཚད་བརྒལ་གལ་ཆེན་བྱུང་ཡོད་པ་རེད།

    ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་རྟགས་དང་སྤུས་རྟགས་གཏོད་ཤུགས་ཆེ་རུ་བཏང་བས། གོ་ཆོད་ཚོང་རྟགས་ཐོ་འགོད་བྱེད་གྲངས་2015ལོ་ལས་ལྡབ་3.3འཕར་ཡོད་པ་རེད།

    ནང་སྐྱེས་སྒུལ་ཤུགས་འཕེལ་བར་དམིཌ་ཏེ་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་ལ་སྐུལ་འདེད་བཏང་བ།

    ལྷ་ས་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་དང་། ཁྱད་ལྡན་གྱི་ལེགས་ཆ་སྤུས་རྟགས་ཀྱི་ལེགས་ཆར་སྒྱུར་བ། བསྡུར་གཞི་ཡོད་པའི་ལེགས་ཆ་འགྲན་རྩོད་ཀྱི་ལེགས་ཆར་སྒྱུར་བ་བཅས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཡོད་པ་རེད།

    “དུད་ཚང་ཁྲི་དང་ཚོང་ར་བརྒྱ+ལྟེ་གནས”ཀྱི་འདུ་འགོད་ལག་བསྟར་བྱས་ནས་ས་མཐོའི་དཀར་ཆུའི་ལས་རིགས་ཀྱི་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད་པ་རེད།

    “ལྷ་སའི་ས་གཙང”གི་ས་ཁོངས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་། སྙན་གྲགས་ཆོད་ཚད། ཁྱབ་གདལ་ཡོང་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་པ་རེད།

    སྣེའུ་ཁུལ་གསར་ལྗོངས་ཡོངས་ཀྱི་དངུལ་རྩའི་ཞབས་ཞུ་ལྟེ་གནས་དང་གྲངས་འཛིན་ཐོན་ལས་རྟེན་གཞིར་བསྐྲུན་པར་སྐུལ་འདེད་བཏང་ཡོད། རིག་གནས་ཡུལ་སྐོར་དང་། ས་གཙང་བདེ་ཐང་ཐོན་ལས་འདེགས་སྐྱོར་དུ་བྱེད་པ་དང་། ལྗང་མདོག་བཟོ་ལས་དང་དེང་རབས་ཞབས་ཞུ་འདེགས་སྐྱོར་དུ་བྱེད་པ། མཐོ་གསར་གྲངས་འཛིན་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི“གདུང་བཞི་ཀ་བརྒྱད”བསྐྲུན་ཡོད་པ་རེད།

    ལྟེ་བའི་གྲོང་ཁྱེར་རིམ་པ་མཐོ་རུ་འགྲོ་རྒྱུར་དམིཌ་ཏེ་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་བ།

    རྩེད་ཐང་ནས་གོང་དཀར་དང་། ལྷ་ས་དང་ནག་ཆུ་བར་གྱི་ཡངས་པ་ཅན་ལམ་དུམ་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཡངས་པ་ཅན་ནས་ནག་ཆུ་བར་དང་། ལྷ་ས་ནས་གཞིས་རྩེ་བར་སོགས་ཀྱི་རིམ་མཐོའི་གཞུང་ལམ་དང་དེ་བཞིན་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་བགྲོད་ལམ་མགྱོགས་མྱུར་བསྐྲུན་ཡོད།

    གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་4.6བསྐྲུན་པ་དང་། ཞིང་འབྲོག་ཁུལ་གྱི་དུད་ཚང་2695ཡི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱས་ཡོད། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བས། སྟོད་ལུང་བདེ་ཆེན་དང་སྟག་རྩེ་རྫོང་ཆུས་ལ་བསྒྱུར་བ། དཔལ་འབྱོར་གསར་སྤེལ་ཁུལ། སྣེའུ་ཁུལ་གསར། རིག་གནས་བློ་གསར་གླིང་བཅས་འཛུགས་སྐྲུན་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་པ་རེད།

    ལྗང་མདོག་མཐའ་ཚད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་བསྐྲུན་རྒྱུར་སྐུལ་འདེད་བཏང་བ།

    “རི་བོ་གཉིས”ཀྱི་འདུ་ཤེས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གཏན་འཁེལ་བྱས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་དང་སྣོད་བཅུད་ནུས་པའི་ཁུལ་26བཙུགས་པས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་6750ཟིན་ཡོད་པ་རེད།

    སྦགས་བཙོག་འབྱུང་ཁུངས་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་བྱས་པ་དང་འབྲེལ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་སྲུང་སྐྱོང་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་ཡོད་པ་རེད། གདོད་མའི་སྔོ་ཁེབས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་དཔལ་ལྡན་པའི་སྒོ་ནས་བསང་གཏོང་རྒྱུ་དར་སྤེལ་བཏང་ཡོད།

    གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་100%ཟིན་ཡོད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་བྱས་ནས་ཆ་རྐྱེན་ལྡན་པའི་གྲོང་ཚོའི་གསང་སྤྱོད་ཁྱབ་ཚད་85%ཟིན་པ་དང་འཚོ་བའི་གད་སྙིཌ་གཙང་སེལ་བྱེད་ཚད་100%ཟིན་ཡོད་པ་རེད།

    མི་དམངས་ཀྱི་བདེ་རྩར་གཞི་ཚུགས་ཏེ་དམངས་འཚོའི་བྱ་གཞག་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    ནོར་ཤུགས་80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་བསྐངས་ཡོད། སྤུས་ཚད་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་10923གྱི་མང་ཚོགས་དབུལ་པོ་44453ཚང་མ་དབུལ་སྒྲོལ་ཐུབ་ཡོད་པ་རེད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་32བསྐྲུན་ནས་མང་ཚོགས་22979སྤོས་ཡོད་པ་རེད།

    བདེ་འཇགས་འཐུང་ཆུའི་འདུ་འགོད་348ལག་བསྟར་བྱས་པས་ཞིང་འབྲོག་པ་ཁྲི་10.3ལ་ཕན་པ་ཐོབ་ཡོད་པ་རེད།

    དབུལ་སྐྱོར་ཐོན་ལས་རྣམ་གྲངས་485ལག་བསྟར་བྱས་པས་སྔོན་དཔག་ལྟར་ན་དབུལ་སྒྲོལ་ཐུབ་པའི་མང་ཚོགས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13741ཟིན་ནས་ལོ་ངོ་མང་པོའི་རིང་ཐག་གཅོད་མ་ཐུབ་པའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་མཐར་ཕྱིན་ཐུབ་ཡོད་པ་རེད།

    སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁག་གཅིག་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱས་པ་དང་འབྲེལ། དགེ་འོས་ཆེད་ཚན་སློབ་གྲྭ་ཧྲིལ་པོ་སྤོ་བའི་ལས་དོན་ལེགས་གྲུབ་བྱུང་ཡོད་པ་རེད།

    112061_yis_1613491200000_s.jpg

    འདི་ནི་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་སྡེ་ཁུལ་གྱི་ཟུར་ཞིག་ཡིན་པ།

    112065_yis_1613491200000_b.jpg

     འདི་ནི་སྟོད་ལུང་བདེ་ཆེན་ཆུས་ནས་འདམ་གཞུང་རྫོང་བར་གྱི་རིམ་མཐོའི་གཞུང་ལམ་ཡིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།