ཉིན་ཤས་གོང་། གསར་འགོད་པར་སྟག་རྩེ་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་འགོད་ཀྱི“རིག་ནུས་ཞིབ་མཆན”སྒྱུར་བཅོས་ཚོད་ལྟ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་ཐོག་མར་བྱེད་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་འགོད་ཀྱི་རིག་ནུས་རང་འགུལ་ཞིབ་མཆན་མ་ལག་གིས་ཐོ་འགོད་ཀྱི་བརྒྱུད་རིམ་ལེགས་སྒྲིག་བྱས་ཏེ་ཐོ་འགོད་ཀྱི་དཔྱད་གཞི་ཉུང་དུ་གཏོང་བ་དང་། ཚོང་གཉེར་བྱེད་ཡུལ་གྱིས་རང་འགུལ་ངང་རེ་ཞུ་བྱེད་པའི་ཁས་ལེན་ལམ་ལུགས་ལག་བསྟར་བྱས་ནས་ངོ་རིས་ངོས་འཛིན་དང་། དྲ་ཐོག་མིང་འགོད་སོགས་ཀྱི་འདེགས་སྐྱོར་འོག་རེ་ཞུ་བྱེད་མཁན་ལ་ཚོང་དུད་ཀྱི་མིང་རང་བརྟེན་ཞིབ་བཤེར་དང་། རང་བརྟེན་ཐོ་འགོད། རང་བརྟེན་པར་རྒྱག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཤིང་། བརྒྱུད་རིམ་ཧྲིལ་པོར་སྒུག་མི་དགོས་པས་ཐོ་འགོད་ལས་སྒོ་སྒྲུབ་གཉེར་གྱི་ལས་ཆོད་སྔར་བས་ཆེ་རུ་བཏང་བ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ལས་གཏོད་མ་གནས་ཉུང་དུ་བཏང་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་སྐྱོན་བྲལ་ངང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐུབ་རྒྱུ་རེད།