དབུ་ཤོག>གསར་འགྱུར།
  • ཆིང་ཏའོ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་བསམ་གྲུབ་རྩེ་ཆུས་ཀྱི་སློབ་ཞུགས་གོང་གི་སློབ་གསོར“100%གསུམ”མངོན་འགྱུར་བྱེད་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2021-02-16

     ཧྲན་ཏུང་ཞིང་ཆེན་གྱི་ཆིང་ཏའོ་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་དགུ་པ་བསམ་གྲུབ་རྩེ་ཆུས་སུ་བཅའ་སྡོད་བྱས་ཚུན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་བ། སློབ་ཞུགས་གོང་གི་སློབ་གསོའི་སྤུས་ཚད་དོ་སྙོམས་འཕེལ་རྒྱས་གཏོང་བ་དང་སློབ་ཞུགས་གོང་གི་སློབ་གསོའི་མཐོ་ས་གཏོད་པའི་གཙོ་རྐང་འདིར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། གསར་གཏོད་ཀྱི་བྱ་ཐབས་ཆ་ཚང་བ་ཞིག་ལག་བསྟར་དང་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་གསེབ་བུ་བཅོལ་ཁང་གི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་དང་། སློབ་ཆེན་སློབ་མ་དགེ་རྒན་ལ་བཀོད་སྒྲིག་བྱེད་ཚད། བུ་བཅོལ་ཁང་འཛུགས་སྐྲུན་ཚད་གཞི་ཅན་དུ་འགྱུར་ཚད་བཅས“100%གསུམ”མངོན་འགྱུར་བྱེད་རོགས་བྱས་པ་རེད།

    གནད་སྨིན་ཐག་གཅོད་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོ“100%གསུམ”གྱི་འཕེལ་རྒྱས་ཚད་ཤིང་གསར་པ་བཏོད་པ། བོད་དུ་སླེབས་པ་ནས་བཟུང་། ཆིང་ཏའོ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་གཞི་རིམ་དུ་བསྐྱོད་དེ་བསམ་གྲུབ་རྩེ་ཆུས་ཀྱི་ཤང(ཁྲོམ་གཞུང)12ཀྱི་གྲོང་ཚོ་176གི་སློབ་འབྲིང་དང་། སློབ་ཆུང་། བུ་བཅོལ་ཁང་བཅས་100ལ་མཐིལ་རྟོགས་བརྟག་ཞིབ་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་དང་རིམ་སྤོར་ལ་ཚོད་འཛིན་བྱེད་པའི་འཇུར་མིག་གནད་དོན་གཙོ་གནད་འཚོལ་ཞིབ་དང་དབྱེ་ཞིབ་བྱས་པ་རེད། དཀའ་གནད་ལས་སྒྲོལ་བར་གཞིས་ཚུགས་ཏེ་ཆིང་ཏའོ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་གསར་གཏོད་རྣམ་པའི་སྒོ་ནས་སློབ་ཞུགས་གོང་གི་སློབ་གསོའི“100%གསུམ”འཕེལ་རྒྱས་གཏོང་བའི་དམིགས་ཚད་བཏོན་པ་སྟེ། ལོ་གསུམ་ནས་དྲུག་བར་གྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་100%ཟིན་པར་བྱས་ནས་སློབ་ཞུགས་གོང་གི་སློབ་གསོར“གཅིག་ཀྱང་མ་ལུས་པ”བྱེད་པ་དང་། སློབ་ཆེན་སློབ་མ་དགེ་རྒན་ལ་བཀོད་སྒྲིག་བྱེད་ཚད་100%ཟིན་པར་བྱས་ནས་དགེ་རྒན་དཔུང་ཁག་གི་སྟོབས་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བ། བུ་བཅོལ་ཁང་འཛུགས་སྐྲུན་ཚད་གཞི་ཅན་དུ་འགྱུར་ཚད་100%ཟིན་པར་བྱས་ནས་སློབ་ཞུགས་གོང་གི་སློབ་གསོའི་མ་ལག་གསར་པ་བསྐྲུན་པ་རེད།

    གནད་འཕིགས་ཤུགས་སྣོན་བརྒྱབ་སྟེ“ཟུང་འབྲེལ་བཞི”ལ་བརྟེན་ནས་སློབ་ཞུགས་གོང་གི་སློབ་གསོར“100%གསུམ”མངོན་འགྱུར་ཡོང་བར་བྱས་པ། ཆིང་ཏའོ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་རྒྱལ་ཁབ་ཀྱི་བུ་བཅོལ་ཁང་འཛུགས་སྐྲུན་གྱི་ཚད་གཞིར་གཞིགས་པ་དང་བོད་ཀྱི་གྲོང་གསེབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྟོབས་ཤུགས་སྒྲིག་འཛུགས་ཀྱིས《གཞི་ཁྱོན་ཆུང་བའི་གྲོང་གསེབ་རིམ་པའི་བུ་བཅོལ་ཁང་འཛུགས་སྐྲུན་གྱི་ཚད་གཞི》བཟོས་ནས་བུ་བཅོལ་ཁང་གི་སྒྲིག་ཆས་ཆ་ཚང་དུ་བཏང་བ་དང་མ་དངུལ་གཏོང་ཤུགས་དམའ་རུ་བཏང་བ་རེད། ཆིང་ཏའོ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་བོད་སྐྱོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེར་ཧུར་ཐག་ཞུགས་པར་སྐུལ་སློང་བྱས་ཏེ། གྲོང་གསེབ་ཀྱི་བུ་བཅོལ་ཁང་33ལ་སྒྱུར་བཀོད་བྱས་པ་དང་བུ་བཅོལ་ཁང་གསར་པ་29བརྒྱབ་པ་རེད། མིག་སྔར་བསམ་གྲུབ་རྩེ་ཆུས་སུ་གྲོང་གསེབ་བུ་བཅོལ་ཁང་113ཡོད་པ་དང་། གྲོང་གསེབ་ཏུ་བུ་བཅོལ་ཁང་ཁྱབ་པ་མངོན་འགྱུར་བྱུང་བ་དང་དུས་མཚུངས་ཚད་གཞི་ཅན་དུ་འགྱུར་ཚད་100%ཟིན་ཡོད་པ་རེད། 


མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།