
འདི་ནི་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་ཉི་འོད་ནུས་པའི་དྲོད་གཏོང་རྣམ་གྲངས་ཀྱི་སྤྱིའི་བཀོད་པ་ཡིན་པ།
“སེམས་དྲོད་ལས་གྲྭ”ལག་ལེན་བསྟར་བ་དང་བསྟུན་ནས། རང་བྱུང་སོལ་རླངས་ལ་བརྟེན་ནས་དྲོ་ཇུས་བྱེད་པ་དང་ཁ་ལག་བཟོ་རྒྱུ་དེ་རིམ་བཞིན་ལྷ་སའི་གྲོང་མི་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་སུ་གྱུར་ཡོད། ཉེ་དུས་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོར་ནུས་རྒྱུ་གཙང་མའི་ལས་གྲྭ་སྟེ་ཉི་ནུས་དྲོད་རླངས་ཀྱི་རྣམ་གྲངས་ཤིག་སླར་ཡང་ལག་ལེན་བསྟར་བ་རེད། དྲོད་གཏོང་ཐབས་འདི་ལས་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་པ་མ་ཟད། ད་དུང་རིན་གོང་ཡང་ཁེ་པོ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཉི་འོད་ནུས་པར་བརྟེན་ནས་དྲོད་རླངས་དུས་གཅིག་ཏུ་གཏོང་བའི་རྣམ་གྲངས་དང་པོ་དེ་རེད།