དབུ་ཤོག>གསར་འགྱུར།
  • ལོ་ལྔ་ཡི་རིང་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་འབབ་རིམ་རྩིས་བརྒྱབ་ན་ཏུན་ཁྲི་500ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-02-07

    125668_yis_1612627200000_s.jpg

     འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཟུར་མཁར་ཡུལ་མི་ཨུ་ལྷན་གྱི་ཡུལ་མིས་ནས་རྔ་བཞིན་པ། (2019ལོའི་ཟླ་lཚེས་29ཉིན་པར་བླངས) 

    125670_yis_1612627200000_s.jpg

     འདི་ནི་ཉེ་ཆར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དགའ་སྐྱིད་གླིང་བཀོད་སྒྲིག་བྱ་ཡུལ་གྱི་ཁང་གསར་དུ་གྲོང་མི་བློ་གྲོས་ཀྱིས་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུ་བ། 

    འབྲུ་རིགས་ཐོན་འབབ་ཡག་པོ་བྱུང་ནས་མི་སེར་གྱི་སེམས་རྣལ་དུ་བབས་ཤིང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། 2020ལོའི་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་103ཟིན་ནས་ལོ་6བསྟུད་མར་ཏུན་ཁྲི་100ཡན་རྒྱུན་འཁྱོངས་ཐུབ་པའི་ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བརྒྱབ་ན་འབྲུ་རིགས་ཐོན་འབབ་ཏུན་ཁྲི་521.99བྱུང་བ་རེད།

    “ན་ནིང་ཆར་ཆུ་དུས་སུ་བབས་ནས་ལོ་ལེགས་ཡག་པོ་བྱུང་སོང”ཞེས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་གི་ནས་དུད་ཆེན་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་བཤད་པ་དང་། ན་ནིང་ནས་མུའུ་103བཏབ་པར་ཐོན་འབབ་སྤྱི་རྒྱ་ཁྲི་8ལྷག་ཙམ་བྱུང་བ་རེད། གྲངས་གཞི་ལས་མངོན་གསལ། 2020ལོར་བོད་ལྗོངས་ཡོངས་ཀྱི་ནས་ཀྱི་ཐོན་འབབ་ཏུན་ཁྲི་83ཟིན་པ་དེ་2015ལོ་ལས་ཏུན་ཁྲི་12.15འཕར་བ་རེད།

    སའི་གོ་ལའི་སྣེ་གསུམ་པ་ཞེས་འབོད་པའི་མཚོ་བོད་ས་མཐོའི་རྨང་གཞིའི་ས་བཅུད་ཞན་པ་དང་ལོའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཉུང་བ། ཐོན་འབབ་འབྲིང་དམའི་ཞིང་ཁའི་བསྡུར་ཚད་མཐོ་པོ་ཡོད། “དེའི་ཁར་སྲོལ་རྒྱུན་གྱི་སོ་ནམ་བྱེད་སྟངས་རགས་ལས་རེད”ཅེས་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འདེབས་འཛུགས་དོ་དམ་ཁྲུའི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཀྲོའུ་ཆང་གིས་བཤད།

    འབྲུ་རིགས་ཀྱི་ཐོན་འབབ་མཐོ་རུ་གཏོང་ཆེད། དུས་རབས་20པའི་ལོ་རབས་60པ་ནས་བོད་ཀྱི་ནས་ཀྱི་རྒྱུད་འདྲེས་འདེབས་འགོ་བཙུགས་པ་དང་དུས་རབས་21པར་སླེབས་རྗེས་བོད་ཀྱིས་རྨོ་ཞིང་སྒྱུར་བཀོད་དང་། སོན་བཟང་ཁྱབ་གདལ། ལག་རྩལ་འདེགས་སྐྱོར་སོགས་ལ་དམིགས་ནས་བཟའ་འབྲུ་རང་ངོས་འགན་ལེན་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་བོད་ཀྱིས“ཁ་གསབ་ཁག་གསུམ”གྱི་མ་དངུལ་བསྡུ་སྒྲིལ་བྱས་ཏེ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་8ཙམ་བཏང་ནས་ཞིང་པའི་རྨོ་ཞིང་གི་ས་བཅུད་ལེགས་སུ་གཏོང་བར་ཁྲིད་སྟོན་བྱས་པ་རེད། འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང་35གཙོ་གནད་དུ་བྱས་ཏེ་འདེབས་འཛུགས་ལས་རིགས་ནང་ངོས་ཀྱི་གྲུབ་ཆ་ལེགས་སྒྲིག་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བ་དང་ནུས་ཆེའི་ཞིང་ནང་སྐྱེ་དངོས་འདེབས་ཁྱོན་བརྟན་པོའི་ངང་འཕར་ཐུབ་པའི་འགན་ལེན་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱིས་ད་དུང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། གྲོ་རིགས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་གདལ། ནད་འབུ་དང་རྩྭ་ཐང་གི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་ལག་བསྟར་བྱས་པར། དམིགས་སྔར་རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་45བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་225བསྐྲུན་པ་རེད། ལོ་5ཡི་རིང་། རིམ་རྩིས་བརྒྱབ་ན། གྲོ་རིགས་སྐྱེ་དངོས་ཀྱི་སོན་བཟང་མུའུ་ཁྲི་1069ཁྱབ་གདལ་བཏང་བའི་ནང་ནས་ཀྱི་སོན་བཟང་ཁྱབ་ཚད་2015ལོའི་85%ནས་2020ལོའི་90%ཡན་བར་མཐོ་རུ་ཕྱིན་པ་རེད།

    མཚོ་བོད་ས་མཐོར་ལོ་ངོ་སྟོང་ཕྲག་རིང་རྒྱུན་སྲིང་བྱས་པའི་སྲོལ་རྒྱུན་སོ་ནམ་བྱེད་སྟངས་ལའང་འགྱུར་ལྡོག་བྱུང་ཞིང་། 2020ལོའི་ལོ་མཇུག་ཏུ་བོད་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་691.5ཟིན་པ་དེ་2012ལོའི་ལོ་མཇུག་ལས་ཆན་ཝ་ཁྲི་227.5འཕར་བ་དང་ལྗོངས་ཡོངས་སུ་ཞིང་འཕྲུལ་མཉམ་ལས་ཁང་170དང་ཞིང་ལས་ཆེད་ལས་མཉམ་ལས་ཁང་1086ཡོད། འབྲུ་རིགས་མུའུ་རེའི་ཐོན་འབབ་2015ལོའི་སྤྱི་རྒྱ་374.94ནས་2020ལོའི་སྤྱི་རྒྱ་387.33བར་འཕར་བ་རེད།

    བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ལིན་མུའུ་ཡིས། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་བོད་ཀྱི་འབྲུ་རིགས་གཙོ་བོ་མཁོ་སྤྲོད་བྱེད་ཚད་གཞི་རྩའི་ཆ་ནས་རང་ཁ་རང་གསོ་ཐུབ་ཡོད། གོམ་སྟབས་རྗེས་མར་ནས་སོགས་ཁྱད་ལྡན་ཞིང་ལས་ཐོན་ཟོག་ལས་སྣོན་ཞིབ་ཚགས་དང་སྤུས་རྟགས་གཏོད་པར་ཤུགས་སྣོན་བརྒྱབ་ནས་ས་མཐོའི་འབྲུ་རིགས་ཀྱིས་བཟའ་འབྲུའི་དགོས་མཁོ་སྐོང་ཐུབ་པ་དང་དུས་མཚུངས། མི་སེར་གྱི་འབབ་འཕར་ཕྱུག་འགྱུར་ལ་དེ་བས་རམ་འདེགས་བྱེད་དགོས་ཞེས་བཤད་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་པའི་གློག་འཕྲིན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།