དབུ་ཤོག>གསར་འགྱུར།
  • “བོད་ནི་ང་ཚོའི་སེམས་འཕྲེང་སའི་ཕ་ཡུལ་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-02

    115501_yis_1612195200000_s.jpg

    འདི་ནི་ཀའོ་ཀྲུང་ཡོན་ཡིན་པ།


    མི་སྣའི་ལོ་རྒྱུས་མདོར་བསྡུས།

    ཀའོ་ཀྲུང་ཡོན། ལོ་80 ཧོ་ནན་བ། 1961ལོའི་ཟླ་3པར་བོད་དུ་བསྐྱོད། 1961ལོའི་ཟླ་5པར་རི་བོ་ཆེ་རྫོང་ཕྱུགས་རིགས་རིམས་འགོག་ས་ཚིགས་སུ་ལས་ཀ་བྱས། 1964ལོའི་ལོ་མཇུག་ཏུ་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་སྤོ་བོ་རྫོང་ཕྱུགས་རིགས་རིམས་འགོག་ས་ཚིགས་སུ་ལས་ཀ་བྱེད་པར་ཕྱིན། 1968ལོར་བསྐྱར་དུ་རི་བོ་ཆེའི་ཕྱུགས་རིགས་རིམས་འགོག་ས་ཚིགས་སུ་ལོག་པ་དང་འབྲེལ། ཚེ་རིང་སྒྲོལ་དཀར(ཆབ་མདོ་རི་བོ་ཆེ་བ)དང་གཉེན་སྒྲིག་བྱས། 2002ལོར་ཁོང་གཉིས་པོ་རྒན་ཡོལ་ཞུས་པ་དང་ད་ཆ་སི་ཁྲོན་ཁྲེང་ཏུའུ་རུ་འཚོ་བ་སྐྱེལ་བཞིན་ཡོད།

    1960ལོའི་ཟླ་8པར་བོད་ཀྱིས་ཧོ་ནན་ནས་ལས་དོན་མི་སྣ་བསྡུ་གི་འདུག ངས་གནས་ཚུལ་དེ་ཤེས་འཕྲལ་ཁྱིམ་དུ་ལོག་ནས་ཨ་མ་དང་གཅུང་མོར་བོད་དུ་འགྲོ་འདོད་ཡོད་པའི་བསམ་ཚུལ་བརྗོད་པ་ཡིན། དང་ཐོག་ཁོང་ཚོས་ང་མཐོ་གྲང་གསོ་རླུང་དཀོན་པའི་བོད་དུ་འགྲོ་བར་བཀག་འགོག་བྱེད་ཀྱི་རེད་སྙམ་བྱུང་། བསམ་ཡུལ་ལས་འདས་པར་ཨ་མ་ལགས་ཀྱིས“བོད་འཕེལ་རྒྱས་གཏོང་དགོས་པས་རང་འགྲོ་འདོད་ན་སོང”ཞེས་བཤད་བྱུང་། སྐད་ཆ་དེ་ལས་ང་བོད་དུ་འགྲོ་བའི་ཡིད་ཆེས་དང་སེམས་ཤུགས་འཕེལ་སོང་།

    བོད་དུ་ལས་དོན་སྒྲུབ་པར་སྐྱོད་པའི་དཔུང་ཁག་ནང་མིང་ཐོ་བཀོད་རྗེས། རྩ་འཛུགས་ཀྱིས་ང་ཀྲེང་ཀྲོའུ་འབྲོག་ལས་ཕྱུགས་རིགས་སྨན་པའི་ཆེད་ཚན་སློབ་གླིང་དུ་ལོ་ཕྱེད་སློབ་སྦྱོང་བྱེད་པར་བཏང་བྱུང་།

    1961ལོའི་ཟླ་3པར་ང་དཔུང་ཁག་དང་མཉམ་དུ་བོད་དུ་བསྐྱོད་པ་ཡིན། ཉིན་6སོང་རྗེས་ང་ཚོ་བོད་ལྗོངས་ཆབ་མདོར་འབྱོར་སོང་། ང་དང་བློ་མཐུན་གཞན་ཞིག་རི་བོ་ཆེའི་ཕྱུགས་རིགས་རིམས་འགོག་ས་ཚིགས་སུ་ལས་བགོས་བརྒྱབ་བྱུང་།

    བོད་དུ་སྐྱོད་པ་ནས་བཟུང་། ང་དང་བོད་དབར་ལས་ཀ་ཕུད་པའི་ལས་འཕྲོ་གཞན་ཞིག་བྱུང་ཡོད་སྙམ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། འོན་ཀྱང་ལས་དབང་ནི་ཡ་མཚན་ཆེ་བ་ཞིག་རེད། ངས་མི་ཚེ་ཕྱེད་ཀ་བོད་དུ་ལས་ཀ་བྱས་ནས་བསྡད་པ་མ་ཟད། ད་དུང་བོད་རིཌ་བུ་མོ་ཞིག་དང་གཉེན་སྒྲིག་བྱས་ནས་མི་ཚེ་ཡང་བསྐྱལ་བ་ཡིན།

    1963ལོར་ང་རྒྱུན་འཇིག་རྟེན་མཐུན་འཇུག་གི་འཚོ་བ་གཏན་ལྟར་གཞི་རིམ་དུ་སྐྱོད་སྐབས། ཚེ་རིང་སྒྲོལ་དཀར་དང་ཐོག་མར་འཕྲད་ནས་ཁོ་མོས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། 1964ལོར་ཕ་ཡུལ་གཅིག་པས་ངོ་སྤྲོད་བྱས་པ་བརྒྱུད། ཚེ་རིང་སྒྲོལ་དཀར་ཕྱུགས་རིགས་རིམས་འགོག་ས་ཚིགས་སུ་སློབ་མ་བྱེད་པར་སླེབས་སོང་བས། ང་ཚོའི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་སོང་།

    1964ལོའི་ལོ་མཇུག་ཏུ་རྩ་འཛུགས་ཀྱིས་ང་སྤོ་བོ་རྫོང་དུ་ལས་ཀ་བྱེད་པར་བཏང་བྱུང་། མ་ཐོན་གོང་། ངས་རང་ཉིད་ཀྱི་བསམ་ཚུལ་ཁོ་མོར་བཤད་པ་དང་འབྲེལ་ངས་ཁོ་མོར་ཚེ་གང་ཡག་པོ་བྱེད་རྒྱུའི་ཁས་ལེན་ཡང་བྱས་པ་ཡིན།

    འགྲོ་ཐེངས་གཅིག་ལ་ལོ་ཁ་ཤས་འགོར་སོང་། 1968ལོར་སྤོ་བོ་རྫོང་གི་ལས་དོན་ལེགས་གྲུབ་ཟིན་ནས་རི་བོ་ཆེ་ལ་ལོག་པ་ཡིན། ཚེ་རིང་སྒྲོལ་དཀར་གྱིས་ང་སྒུག་ནས་བསྡད་འདུག་ལ་ཁོང་གི་ནང་མིས་ང་གཉིས་མཉམ་དུ་སྡོད་རྒྱུར་རྒྱབ་སྐྱོར་ཡང་ཆེན་པོ་བྱེད་ཀྱི་འདུག

    དེ་རྗེས་རྫོང་ལས་ཁུངས་ཀྱི་ཚོཌ་ཁང་དུ་ང་གཉིས་གཉེན་སྒྲིག་བྱས་པ་ཡིན། གཉེན་སྒྲིག་བྱས་རྗེས་ང་དང་ཚེ་རིང་སྒྲོལ་དཀར་སྒོ་ར་ཆེན་པོའི་ནང་སྤོས་པ་དང་། སྒོ་ར་དེའི་ནང་ཁྱིམ་དུད་བཅུ་ཡོད་པས་གྲོང་པ་ཁྱིམ་མཚེས་དབར་གྱི་འབྲེལ་བ་ནི་སྤུན་མཆེད་བཞིན་ཧ་ཅང་འཆམ་པོ་ཡོད།

    ཚེ་རིང་སྒྲོལ་དཀར་ཕྲུ་གུ་སྐྱེ་ཁར་ཁྱིམ་མཚེས་ཁྲེན་དབྱིང་ཀྲུང་གིས་ང་ལ་ཁོ་མོ་རྫོང་སྨན་ཁང་དུ་སྐྱེལ་རོགས་བྱས་བྱུང་། དེ་རྗེས་ཕྲུ་གུ་བཙས་རྗེས་ཁྱིམ་མཚེས་གཞན་དག་ཚང་མ་ཡང་སྨན་ཁང་དུ་ངའི་བཟའ་ཟླ་དང་ཕྲུ་གུར་བལྟ་བར་སླེབས་བྱུང་། ད་དུང་ཁྲེན་དབྱིང་ཀྲུང་གིས་ཚེ་རིང་སྒྲོལ་དཀར་ལ་ཉ་ཤའི་ཐང་ཁྱེར་ནས་ལྟ་བར་ཡོང་བ་དང་བཀྲ་ཤིས་ཀྱིས་ཕ་ཡུལ་གྱི་འོ་མ་ཁྱེར་ནས་ཁོ་མོར་ལྟ་བར་སླེབས་བྱུང་། ཚང་མས་ང་ཚོ་ནང་མིར་བརྩིས་ནས་ང་དང་ཚེ་རིང་སྒྲོལ་དཀར་ལ་གང་ཅིའི་ཐད་རོགས་པ་བྱེད་ཀྱི་ཡོད།

    བོད་དུ་ལས་ཀ་བྱས་པའི་ལོ་བཅུ་ཕྲག་ནང་། ང་ཚོས་མི་རིཌ་ཁག་གི་བློ་ཁ་གཅིག་མཐུན་གྱི་གྲོགས་པོ་མང་པོ་ངོ་ཤེས་བྱུང་ལ་བོད་རིགས་མང་ཚོཌ་དང་ཡང་འབྲེལ་བ་ཟབ་མོ་བཙུགས་པ་ཡིན། ད་ཆ་ངེད་བཟའ་ཚོ་གཉིས་སྔར་བཞིན་བོད་ཧ་ཅང་དྲན་པོ་འདུག རྒྱུན་དུ་པར་དེབ་དང་ཡང་ན་དྲ་ཐོག་ནས་བོད་དང་རི་བོ་ཆེ་རྫོང་གི་སྐོར་འཁོད་པའི་ཆ་འཕྲིན་མཐའ་དག་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། མ་གཞི་ང་ཚོ་བོད་དང་བྲལ་ཡང་། བོད་ཀྱི་རི་བོ་དང་། ཡུལ་ལུང་། ད་དུང་རྒྱུས་མངའ་ཆེ་བའི་གྲོགས་པོ་སོགས་ཚང་མ་ང་ཚོའི་རྨི་ལམ་ན་ཡང་སེ་གཏོང་གི་འདུག གང་ཡིན་ཞེ་ན་བོད་ནི་ང་ཚོའི་སེམས་འཕྲེང་སའི་ཕ་ཡུལ་ཡིན།

    ས་ཆ་གང་དུ་བསྡད་ཀྱང་ང་ཚོས་བོད་ཀྱི་འབྱུང་འགྱུར་ཇེ་ལེགས་སུ་འགྲོ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།