དབུ་ཤོག
  • མཐོང་ཆེན་གནང་། དགོང་ཟས་ཕྱི་དྲགས་ན་བདེ་ཐང་དང་ཚེ་ཚད་གཉིས་ཀར་གནོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-01-28

    མི་མང་པོས་ཞོགས་ཟས་དང་དགུང་ཟས་སྟབས་བདེ་ཞིག་བཟས་ནས། དགོང་ཟས་ཡག་པོ་ཞིག་བཟའ་དགོས་སྙམ་གྱི་ཡོད། 

    ཉེ་དུས་དྲ་བའི་ཐོག་དགོང་ཟས་ཀྱིས་ཁྱེད་ཀྱི་གཟུགས་པོའི་ལྗིད་ཚད་དང་ཚེ་ཚད་གཏན་འཁེལ་བྱེད་ཀྱི་ཡོད་ཅེས་པའི་གནས་ཚུལ་ཞིག་གིས་ཚང་མ་ཧང་སངས་པར་གྱུར། 

    དགོང་ཟས་ཀྱིས་དངོས་གནས་གཟུགས་པོའི་ལྗིད་ཚད་དང་ཚེ་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་དམ། དགོང་ཟས་ཟ་སྟངས་གང་དག་ནི་ཚུལ་དང་མི་མཐུན་པ་ཡིན་ནམ། ང་ཚོས་དྲི་བ་འདི་དག་ལ་ངེས་པར་དུ་ལན་གསལ་པོ་ཞིག་རྙེད་པ་བྱེད་དགོས། 

    ཚུལ་མིན་གྱི་དགོང་ཟས། 

    དང་པོ། བཟས་དྲགས་པ། 

    དགོང་ཟས་བཟས་དྲགས་ན། ཟས་རིགས་ཀྱི་སྤྲི་དཀར་རྦད་དེ་འཇུ་ཐུབ་ཀྱི་མེད་པས། རྒྱུ་མའི་ནང་ལུས་ནས་དུག་རྒྱུར་འགྱུར་གྱི་ཡོད། རྒྱུན་རིང་པོ་སོང་ན་རྒྱུ་མའི་འབྲས་སྐྲན་དུ་འགྱུར་ཉེན་ཡོད།

    གཞན་ཡང་། དགོང་ཟས་བཟས་དྲགས་ན་དོས་དྲག་གི་གཤེར་མའི་གཉན་ཚད་ཕོག་པ་དང་། ལྷག་པར་དུ་ཧབ་ཟ་ཧབ་འཐུང་བྱེད་མཁན་ལ་དྲན་པ་ཐོར་བ་དང་གློ་བུར་དུ་གྲོངས་པའི་གནས་ཚུལ་འཕྲད་ཉེན་ཡོད་ལ། དགོང་ཟས་བཟས་དྲགས་པའི་དབང་གིས་གཉིད་མི་ཁུག་པ་དང་རྨི་ལམ་མང་དུ་འགྲོ་བས། རྒྱུན་རིང་པོ་སོང་ན་དབང་རྩ་ཉམས་སླ་པོ་ཡོད། 

    གཉིས་པ། དམར་ཟས་བཟས་དྲགས་པ། 

    དགོང་མོ་དམར་ཟས་བཟས་དྲགས་ན། མཆིན་པར་གནོན་ཤུགས་ཆེན་པོ་སྤྲོད་པ་མ་ཟད། ཁྲག་ཚིལ་མཐོ་རུ་འགྲོ་གི་ཡོད།

    ཞིབ་འཇུག་བྱས་འབྲས་ཞིག་ལས། རྟག་ཏུ་དགོང་ཟས་ལ་དམར་ཟས་ཟ་མཁན་དང་དཀར་ཟས་ཟ་མཁན་བསྡུར་ན། དམར་ཟས་ཟ་མཁན་གྱི་ཁྲག་ཚིལ་ལྡབ་གསུམ་ནས་བཞི་བར་མཐོ་བ་ཡོད། ཁྲག་ཚིལ་མཐོ་བ་ནི་ཁྲག་ཤེད་མཐོ་བ་དང་། སྙིང་ནད། འཕར་རྩ་རེངས་ནས་ཁྲག་རྒྱུག་དཀའ་བའི་ནད་སོགས་ཀྱི་སློང་རྐྱེན་རེད། 

    བྱས་ཙང་། དགོང་ཟས་བཟས་དྲགས་པ་དང་། དམར་ཟས་བསྟེན་མང་བ། ཕྱི་དྲགས་པ། ཟས་མི་ཟ་བའམ་ཡང་ན་འབྲས་དང་ཐུག་པ་སོགས་གཙོ་ཟས་མི་ཟ་བ་སོགས་ཀྱིས་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད།

    དགོང་ཟས་རན་པོ་མ་བཟས་ན། རྒྱགས་པ་ཆགས་ནས་ཁྱེད་ཀྱི་གཟུགས་བྱད་ལ་སྐྱོན་བྱེད་ངེས་རེད་ལ། ནད་སྣ་ཚོགས་ཕོག་ནས་ཚེ་ཚད་ཐུང་དུ་འགྲོ་སྲིད། 

    དགོང་ཟས་ཇི་ལྟར་བཟས་ན་འཚམ་པོ་ཡོད་དམ། 

    དང་པོ། དུས་ཚོད།

    དགོང་ཟས་ཟ་བའི་དུས་ཚོད་དང་ཉལ་བའི་བར་ཡིན་གཅིག་ཆུ་ཚོད་3འཇོག་དགོས། སྤྱིར་ན། དགོང་ཟས་ཟ་བའི་དུས་ཚོད་ཡག་ཤོས་ནི་ཆུ་ཚོད་དྲུག་པ་ནས་བརྒྱད་པའི་བར་ཡིན་པ་དང་། ཆུ་ཚོད་བརྒྱད་པ་ཡོལ་རྗེས་ཡག་ཤོས་བྱུང་ན་ཁ་ལག་ཟ་རྒྱུ་མེད། འདི་འདྲ་བྱས་ན། ཕོ་བ་དང་རྒྱུ་མར་ཟས་འཇུ་བའི་དུས་ཚོད་འདང་ངེས་ཡོད་པས། ཕོ་བ་དང་རྒྱུ་མའི་ནད་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་སྲིད། 

    གཉིས་པ། བཟའ་བཅའ། 

    སྤྱིའི་ཆ་ནས་བཤད་ན། ཟས་རིགས་ཀྱི་འཚོ་བཅུད་སྙོམས་ལ་སྣ་ཁ་འཛོམས་པ་དང་། གཙོ་ཟས་འབྲུ་སྣའི་རིགས་ཀྱིས་ཚབ་བྱས་ན་འགྲིག་གི་ཡོད། འབྲུ་སྣའི་རིགས་ལ་འཚོ་བཅུད་དང་ཟས་འཇུ་བའི་ཚི་སྣའི་རིགས་ཡོད་པ་དང་ཞག་ཚི་ཉུང་ཉུང་ལས་མེད།

    སྔོ་ཚལ་དང་ཤིང་ཏོག་ཐད། ཞོགས་ཟས་དང་དགུང་ཟས་ཇི་ཙམ་བཟས་མིན་ལ་གཞིགས་ནས། འཚོ་བཅུད་མི་འདང་བ་གསབ་ཆོག

    གསུམ་པ། དོ་སྣང་བྱེད་དགོས་པ། 

    དགོང་ཟས་ལ་ཡག་ཤོས་བྱུང་ན་ཞག་ཚི་ཉུང་ཙམ་བཟའ་དགོས། ད་དུང་སྣུམ་དང་ཚྭ་ཉུང་ཙམ་བླུགས་ན་ཕོ་བ་དང་རྒྱུ་མས་ཟས་འཇུ་བདེ་པོ་ཡོད་ལ། ཁྲག་ཤེད་དང་ཁྲག་ཚིལ་ཚོད་འཛིན་བྱེད་རྒྱུར་ཕན་པ་ཡོད། 

    སྤྱིར་ན། དགོང་མོ་མ་ཉལ་གོང་གི་ཆུ་ཚོད་བཞི་ནས་དྲུག་བར་ཡག་ཤོས་བྱུང་ན་ཆང་རག་འཐུང་རྒྱུ་མེད། གང་ཡིན་ཞེ་ན། ཆང་རག་གི་ཉིང་ཁུས་དབང་རྩར་གནོད་ཀྱི་ཡོད། 

    བཞི་པ། མང་ཉུང་།

    དགོང་ཟས་ཟ་སྐབས་། ཚང་མས་རྒྱགས་ཚད་ཟ་རྒྱུ་མེད་ཅེས་ཟེར་བ་ལྟར་ཚད་རན་པོ་བཟའ་དགོས། དེ་ལྟར་བྱས་ན་ཕོ་བ་དང་རྒྱུ་མར་གནོན་ཤུགས་སྤྲོད་ཀྱི་མེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།