མངལ་སྦྲུམ་ནས་ཟླ་བ་བདུན་འགྲོ་སྐབས། ཕྲུ་གུའི་ལྗིད་ཚད་ཁེ་1000ལས་བརྒལ་བ་མ་ཟད། རིང་ཚད་ཀྱང་ལི་སྨི་35ལས་བརྒལ་གྱི་ཡོད། སྐབས་དེ་དུས་སྦྲུམ་མས་གསུས་ཁྱིམ་ནས་དབུགས་འབྱིན་རྔུབ་ལེན་བྱས་ཚེ། མཁའ་རླུང་སོས་པ་རྣམས་ཁོག་པའི་ནང་གི་ཕྲུ་གུས་འབྱིན་རྔུབ་ཐུབ་ནས་ཕྲུ་གུའི་འཚར་ལོངས་ཡག་པོ་མ་ཟད། ཟགས་ཐོན་དངོས་རྫས་ཀྱིས་མི་སེམས་ལྷོད་ལ་འབེབས་ཐུབ་ཀྱི་ཡོད། ཟགས་ཐོན་དངོས་རྫས་མང་པོ་མེད་རུང་། དེས་ཕྲུ་གུར་སྔར་བས་བདེ་ཐང་དང་སྐྱིད་སྣང་སྦྱིན་ཐུབ།
གལ་སྲིད་སྦྲུམ་མར་དཀའ་ལས་ཁག་པའི་སྣང་བ་བྱུང་ཚེ། རྐུབ་བཀྱག་ཐོག་ཙོག་བུར་བསྡད་ནས་དབུགས་རིང་འབྱིན་རྔུབ་བྱས་ཚེ་སེམས་ལྷོད་དུ་འགྲོ་ཐུབ། ཡང་དག་པའི་སྡོད་སྟངས་ནི། སྒལ་པ་རྐུབ་བཀྱག་ལ་ཅུང་ཟད་བསྙེས་པ་དང་། པུས་མོ་རྐྱང་བ། ལུས་པོ་ཡོངས་ལྷོད་ལ་འབེབས་པ། ལག་པ་གཉིས་ག་ལེར་གྲོད་པའི་ཐོག་བཞག་ནས་བསྡད་དེ་གསུས་ཁྱིམ་ནས་དབུགས་འབྱིན་རྔུབ་བྱེད་དགོས། གྲོད་པ་ལྡིར་ལྡིར་མ་ཆགས་བར་སྣ་ཁུག་གིས་དབུགས་རྔུབ་དགོས། དབུགས་གཏོང་སྐབས་ཁ་ནས་ག་ལེར་ལུས་པོའི་ནང་གི་མཁའ་རླུང་ཕྱིར་འབུད་དགོས།
གལ་སྲིད་ཕན་འབྲས་ཡག་ཤོས་ཐོན་དགོས་ཚེ། དོ་སྣང་བྱེད་དགོས་པ་ཞིག་ལ་དབུགས་གཏོང་སྐབས་དབུགས་རྔུབ་ཡི་སྐབས་ལས་ཤུགས་ཆེ་བ་དང་ག་ལེར་དབུགས་གཏོང་དགོས། ཉིན་ལྟར་ཐེངས་གསུམ་ཡན་བྱེད་དགོས་པ་སྟེ། སྔ་དྲོ་ནས་ཉིན་དགུང་བར་དང་དགོང་མོ་ནས་མ་ཉལ་གོང་བར་རེད། དབུགས་གཏོང་སྐབས་ལུས་པོ་ཡོངས་ལྷོད་ལ་འབེབས་དགོས་པ་དང་སེམས་སྐྱིད་པོ་ཞིག་དགོས། གལ་སྲིད་རྒྱུན་འཁྱོངས་བྱས་ཚེ་སྦྲུམ་མས་གསུས་ཁྱིམ་ནས་དབུགས་འབྱིན་རྔུབ་བྱེད་སྟངས་ཤེས་ཐུབ། གསུས་ཁྱིམ་ནས་དབུགས་འབྱིན་རྔུབ་བྱས་ཚེ་མངལ་འཁོར་རིང་སྦྲུམ་མ་དང་སྦྲུམ་བུར་་ཕན་པ་བྱུང་ནས། ཕྲུ་གུ་བཙའ་སྐབས་ཀྱི་ན་ཟུག་ཆུང་དུ་འགྲོ་བར་ཕན་པ་ཡོད།