
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་། “ཐོན་ལས་བཞི་དང་གླིང་ཁུལ་གསུམ”གྱི་འཕེལ་རྒྱས་ཀྱི་བཀོད་པ་དང་ཞིང་ལས་ཐོན་ལས་ཀྱི“3212”འཕེལ་རྒྱས་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ་མཁའ་སྐྱོད་སྔོ་ཚལ་འདེབས་འཛུགས་རྣམ་གྲངས་ཁྱད་ལྡན་སྐྱེ་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བའི་འདེཌ་སྐྱོར་གལ་ཆེན་ལ་བརྩིས་ནས། འདེབས་འཛུགས་བྱེད་སྟངས་དང་འདེབས་འཛུགས་སྣ་ཁ་ལེགས་སྒྲིག་དང་། སྦགས་བཙོག་མེད་པ་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་ལམ་རྒྱུན་འཁྱོངས་ཀྱིས་ཞིང་འབྲོག་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་བཏང་བ་རེད། འདི་ནི་སྙེ་མོ་རྫོང་སྙེ་མོ་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བཀྲ་ཤིས་ཀྱིས་འགན་གཙང་བླངས་པའི་སྔོ་ཚལ་དྲོད་ཁང་གི་ཟུར་ཞིག་ཡིན་པ།