མ་ལེ་ཞི་ཡའི་ཙུང་ལི་མུའུ་ཤིས་ཏིང་གིས་ཟླ་1ཚེས་11ཉིན་ཏོག་གསར་གློ་ཚད་རིམས་ནད་ཀྱི་གཏན་འཁེལ་ནད་དཔེ་མགྱོགས་མྱུར་མང་དུ་ཕྱིན་པར་གཞིགས་ཏེ་སྲིད་གཞུང་གིས་འགྲོ་འོང་ལ་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྔར་བས་ནན་དུ་གཏོང་རྒྱུའི་ཐག་བཅད་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། མུའུ་ཤིས་ཏིང་གིས་སྲིད་གཞུང་གིས་ཟླ་1ཚེས་13ནས་26ཉིན་བར་ཉེན་ཁ་ཆེ་བའི་རྒྱལ་ས་ཁྭ་ལ་ལུམ་ཕུར་དང་། སྲིད་འཛིན་རྒྱལ་ས་ཕུའུ་ཐེ་ལ་ཅཱ་ཡཱ། ཞོལ་ལན་ཨེ་མངའ་སྡེ། ཧྲ་པཱ་མངའ་སྡེ། རོའུ་ཧྥུའུ་མངའ་སྡེ་སོགས་སུ“འགྲོ་འོང་དོ་དམ་ཚོད་འཛིན་གྱི་བཀའ་རྒྱ”ལག་བསྟར་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། འདི་ནི་མ་ལེ་ཞི་ཡའི་ཁྭ་ལ་ལུམ་ཕུའི་ཚོང་ར་ཞིག་ཏུ་མི་ཚོས་ཁ་རས་བརྒྱབ་སྟེ་དཔྱིད་གསར་དུས་ཆེན་གྱི་མཛེས་རྒྱན་སྤྲོས་ཆས་འགྲམ་དུ་པར་རྒྱག་བཞིན་པ།