དབུ་ཤོག
  • དགུན་དུས་སུ་སྙིང་ཁམས་ཁྲག་རྩའི་ནད་སྔོན་འགོག་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-13

    རིགས་གཅིག་མཁས་ཅན་གྱིས་དེའི་ཐད་བཏོན་པའི་ཐབས་ཤེས་ཡག་ཤོས་ཏེ།

    གཅིག འཚོ་བའི་གོམས་གཤིས་ཡག་པོ་འཇགས་པར་བྱས་ཏེ་གཟུགས་པོ་མི་འཁྱག་པ་བྱེད་དགོས།

    ཕྱིར་སྐྱོད་སྐབས་གྱོན་གོས་མཐུག་ཙམ་གྱོན་དགོས་པ་དང་། ལྷག་པར་དུ་ལག་པ་དང་། མགོ་བོ། ངོ་གདོང་བཅས་ཀྱི་དྲོ་ཇུས་ལ་དོ་སྣང་བྱས་ཏེ་ཁ་རས་རྒྱག་པ་དང་། ལག་ཤུབས་དང་ཞྭ་མོ་གྱོན་པ་སོགས་བྱེད་དགོས།

    གཉིས། ཆུ་མང་ཙམ་འཐུང་དགོས།

    ཞོགས་པ་ལུས་སྦྱོང་མ་བྱས་གོང་དང་དགོང་མོ་མ་ཉལ་གོང་རབ་བྱུང་ན་ཆུ་དྲོད་འཇམ་གྷི་ལཱ་སི་གང་འཐུང་དགོས་པ་དང་། རྣམ་ཀུན་ནས་ཆུ་དྲོད་འཇམ་མང་ཙམ་བཏུངས་ནས་ཁྲག་སླ་རུ་གཏོང་གང་ཐུབ་བྱེད་དགོས།

    གསུམ། ལྟོ་ཆས་ལ་ཞག་ཚི་ཉུང་ཙམ་བྱེད་དགོས།

    འབྲུ་རིགས་དཀྱུས་མ་དང་། སྔོ་ཚལ། ཤིང་ཏོག་སོགས་ཟ་བ་དང་། ལྟོ་ཆས་ཀྱི་ཚྭ་མང་པོ་མི་རྒྱག་པ། ཞག་ཚི་མང་བ་དང་ཚ་དྲོད་ཆེ་བའི་བཟའ་བཅའ་མི་ཟ་བ། ཤ་ཡོད་དང་ཤ་མེད་ཀྱི་ཟས་རིགས་ཡག་པོ་བསྲེ་བ། སྲ་མཉེན་མཉམ་དུ་ཟ་བ་བཅས་བྱེད་དགོས།

    བཞི། ཧོབ་ལང་རྒྱག་མི་རུང་བ།

    ཞོགས་པ་མིའི་ལུས་ཁམས་ཀྱི་ཁྲག་རྩའི་འགུལ་ནུས་ཞན་ཤོས་ཡིན་པས་གློ་བུར་གྱི་འགུལ་སྐྱོད་བྱས་ཚེ་སྙིང་ཁམས་ཁྲག་རྩའི་ནད་ཕོག་ཉེན་ཆེན་པོ་ཡོད། དེས་ན་ཞོགས་པ་གཉིད་སད་རྗེས་སྐར་མ་5ངལ་གསོ་བརྒྱབ་ནས་ག་ལེར་མལ་ལས་ལང་དགོས།

    ལྔ། ལུས་སྦྱོང་ཚད་རན་པོ་བྱེད་དགོས།

    རབ་བྱུང་ན་ཉི་མ་ཤར་རྗེས་ལུས་སྦྱོང་བྱེད་སྟངས་འཚམ་ཤོས་བདམས་ནས་ལུས་སྦྱོང་བྱེད་དགོས།

    དྲུག སྤྲོ་སྣང་གི་འཚོ་བའི་གོམས་གཤིས་རྒྱུན་འཁྱོངས་བྱེད་དགོས།

    སྤྲོ་སྣང་གི་འཚོ་བའི་གོམས་གཤིས་རྒྱུན་འཁྱོངས་བྱས་ནས་དགའ་སྐྱོ་ཆགས་སྡང་ཤུགས་ཆེན་པོ་བྱ་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།