དབུ་ཤོག>གསར་འགྱུར།
  • ཁེ་ལས་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ།རང་འགན་གཙང་སྒྲུབ་བྱས་ནས་འགན་འཁྲི་དག་མངོན་པར་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-12

    2020ལོའི་ཟླ་11ཚེས་24ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། བོད་ལྗོངས་མཐོ་བརྩོན་ཨར་ལས་རྒྱུ་ཆ་ཚོགས་པ་དང་། མཁའ་ལམ་མ་རྐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཏུང་ཧྲི་ཀྲང་། མཐོ་རིམ་བཟོ་བཀོད་པ་བཅས་ཡིན་པའི་རྡོ་རྗེ་ནོར་བུར“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    ཀུང་སི་རང་ངོས་རྒྱུན་མཐུད་འཕེལ་རྒྱས་དང་དཔལ་འབྱོར་དང་སྤྱི་ཚོགས་ཐད་ཕུལ་བའི་ལེགས་སྐྱེས་ལ་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་ཀྱི་ལས་ཞུགས་སྔོན་ཐོན་ཁེ་ལས”ཀྱི་མཚན་སྙན་སྤྲད་པ་དང་། ཀྲུང་དབྱང་རྩ་འཛུགས་པུས“རྒྱལ་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་མཚན་སྙན་སྤྲད་པ་མ་ཟད། རྒྱལ་ཡོངས་ཀྱི“ལྔ་གཅིག”ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་དང་། ཕུལ་བྱུང་ཨར་ལས་ཁེ་ལས། རང་སྐྱོང་ལྗོངས་ཀྱི“གན་རྒྱར་བརྩི་སྲུང་དང་ཡིད་རྟོན་གཙོ་བོར་འཛིན་པའི་ཁེ་ལས”དང“དཔེ་སྟོན་ལས་བཟོའི་ཁྱིམ་གཞིས”སོགས་མཚན་སྙན་སྣ་ཚོགས་སྔ་རྗེས་སུ་ཐོབ་པ་དང“མཁའ་ལམ”སྤུས་རྟགས་འདི་ཉིད“བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས”སུ་བདམས་པ་རེད།

    གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པས་རྡོ་རྗེ་ནོར་བུར་ཡང“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”དང“བོད་རང་སྐྱོང་ལྗོངས་ངལ་རྩོལ་དཔེ་བཟང་བའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    འཕེལ་རྒྱས་དང་ཡར་ཐོན་གྱི་རྨང་གཞི་བརྟན་དུ་བཏང་བ།

    ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས། རྡོ་རྗེ་ནོར་བུས་ཐོག་མཐའ་བར་གསུམ་དུ་རླབས་ཆེན་མེས་རྒྱལ་དང་རླབས་ཆེན་དུས་རབས་ལ་དྲིན་ཚོར་གྱི་བསམ་པ་ཞིག་བཅངས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། ཏང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྲོམ་ཞུགས་ཀུང་སི་3000ལྷག་ཙམ་ཁྲོད“ཏང་འཛུགས་སྐྱོང་སྒྲིག་ཡིག་ནང་འཇུག་རྒྱུ”སྔོན་ལ་དོན་འཁྱོལ་དང་། དམངས་གཙོའི་ཐབས་ཇུས་ཀྱི་དཀར་ཆག་གསལ་ཐོ་དང་ཐབས་ཇུས་ཀྱི་བརྒྱུད་རིམ་58འཐུས་སྒོ་ཚང་དུ་བཏང་ནས། ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་ཁྲོད་ཏང་རྩ་འཛུགས་ཀྱི“གཙོ་རྐང”དང“རྐང་འཛིན”གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཡོད།

    ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་བསྐྲུན་པ།

    རྡོ་རྗེ་ནོར་བུའི་སྣེ་ཁྲིད་འོག བོད་ལྗོངས་མཁའ་ལམ་མ་རྐང་ཚད་ཡོད་ཀུང་སིས་ཀྲུང་དབྱང་ཁེ་ལས་དང་མཉམ་ལས་བྱས་པའི་ལས་སྟེགས་བརྒྱུད། སྔ་རྗེས་སུ་ཀྲུང་དབྱང་ཁེ་ལས་ཀྱི་དོ་དམ་ཤེས་ལྡན་པ་16ནང་འདྲེན་བྱས་ཏེ་ཀུང་སིའི་མཐོ་རིམ་དོ་དམ་པ་བྱེད་དུ་བཅུག་པ་དང་། སྔ་རྗེས་སུ་གཞོན་ནུ་རྐང་འཛིན་པ་100ལྷག་ཙམ་ཀྲུང་དབྱང་ཁེ་ལས་སུ་སློབ་སྦྱོང་བྱེད་པར་མངགས་པའི་ཁྲོད་ལག་རྩལ་རྐང་འཛིན་པ་30རབ་འབྱམས་པའི་ཞིབ་འཇུག་སློབ་མར་མངགས་ཡོད། མིག་སྔར། རབ་འབྱམས་ཞིབ་འཇུག་པའི་སློབ་གནས་རག་པ་18ཡོད་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་གནས་སྦྱོང་བཞིན་པ་1ཡོད་པ། མཆོག་རམས་པ་5ནང་འདྲེན་བྱས་ཏེ་ཀུང་སིའི་མཆོག་རམས་པའི་ལས་དོན་ས་ཚིགས་སུ་ལས་ཀ་བྱེད་བཞིན་ཡོད།

    ལོ་ཁ་ཤས་ཀྱི་འབད་བརྩོན་བརྒྱུད། བོད་ལྗོངས་མཁའ་ལམ་ཤེས་ལྡན་མི་སྣའི་དཔུང་ཁག་གི་ཡོན་ཚད་དང་། གོ་མིང་། ལོ་ན་སོགས་གྲུབ་ཆ་ལེགས་སུ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་སྤྱི་ཡོངས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ། ཤེས་ལྡན་མི་སྣར་བརྟེན་ནས་ཁེ་ལས་སྟོབས་ཆེར་གཏོང་བའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད། རྡོ་རྗེ་ནོར་བུར་ཡང་སྔ་རྗེས་སུ“བོད་རང་སྐྱོང་ལྗོངས་ཀྱི་རིག་གཞུང་ལག་རྩལ་སྣེ་ཁྲིད་པ”དང“ཁྲང་ཨན་སློབ་ཆེན་གྱི་རབ་འབྱམས་པའི་སློབ་དཔོན”“ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེ་མོ་བ”“བོད་ལྗོངས་མི་རིགས་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེ་མོ་བ”སོགས་ཀྱི་མཚན་སྙན་ཐོབ་ཡོད།

    སྤྱི་ཚོཌ་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་པ།

    “ཁེ་ལས་འཕེལ་རྒྱས་དང་། སྤྱི་ཚོགས་ལ་ཞབས་འདེགས། བོད་ལ་བདེ་སྐྱིད་སྐྲུན་པ”བཅས་ཀྱི་འགན་འཁྲི་འཁུར་ཏེ། རྡོ་རྗེ་ནོར་བུས་བོད་ལྗོངས་མཁའ་ལམ་གྱི་སྣེ་ཁྲིད་དེ་ཨར་ལས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་གཞུང་ལམ་དང་། ཟམ་པ། གྲོང་སྲིད་དོ་དམ། སྡོད་ཁང་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོང་སོགས་རྨང་གཞིའི་སྒྲིག་བཀོད་སོགས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ཁེ་ལས་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། ཀུང་སིའི་སྣེ་ཁྲིད་དེ་སྔ་རྗེས་སུ་མཚོ་བོད་ལྕགས་ལམ་དང་། ཁྲོན་བོད་ལྕགས་ལམ། སྣེའུ་ཟམ་ཆེན། ལྷ་ས་གོང་དཀར་གནམ་ཐང་གི་རིམ་མཐོའི་གཞུང་ལམ་སོགས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ལས་གྲྭའི་རྣམ་གྲངས་170ལྷག་ཙམ་སྐྲུན་འགན་ཁུར་ཡོད། 2019ལོའི་ཟླ་2པར། བོད་ལྗོངས་མཁའ་ལམ་གྱིས་ཀྲུང་གོས་ནེ་པ་ལར་རོགས་སྐྱོར་བྱས་པའི་རྣམ་གྲངས་སྟེ་ནེ་པ་ལའི་ཧྲ་ལཱ་གཞུང་ལམ་བཟོ་བཅོས་སྒྱུར་བཀོད་ལས་གྲྭའི་ནང་ཞུགས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཨེ་ཤེ་ཡ་ལྷོ་མར་སྐུལ་འདེད་གཏོང་ཆེད“ཟམ་སྐྲུན་ལམ་བཟོ”བྱས་ཡོད།

    ཉེ་བའི་ལོ་5ཡི་ནང་། ལོ་དེ་གའི་སློབ་ཆེན་གྱི་སློབ་ཐོན་སློབ་མ་400ལྷག་ཙམ་བསྡུས་པ་དང་ལྗོངས་ནང་ཁུལ་གྱི་མཐོ་རྒྱུགས་མ་འཕྲོད་པའི་སློབ་མ་80ཁག་དབྱེ་ནས་བསྡུས་ཏེ་ནང་སའི་ཆེད་ལས་སློབ་གླིང་དུ“མངགས་ཐོ་རྣམ་པའི”གསོ་སྦྱོང་བྱེད་པར་བཏང་ཡོད།

    2011ལོའི་ཚུན་དུ། སྔ་རྗེས་སུ་ལས་མི་130ལྷག་ཙམ་འདེམས་གཏོང་བྱས་ནས་བོད་ཀྱི་ཐག་རིང་ལུང་ཁུག་ཏུ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་དམངས་འཚོའི”བྱེད་སྒོ་སྤེལ་ནས་དམངས་ཕན་རྣམ་གྲངས་30ལྷག་ཙམ་དོན་འཁྱོལ་བྱས་པར་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།