དབུ་ཤོག
  • སྤྱི་གསོག་མ་དངུལ་གྱི་ལས་སྒོ་གནས་སྐབས་གཉེར་མཚམས་འཇོག་རྒྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-16

    ཟླ་12ཚེས་21ཉིན་ནས་བཟུང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་གནས་སྐབས་གཉེར་མཚམས་འཇོག་རྒྱུ་རེད་འདུག

    ཚེས་14ཉིན། བོད་རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དོ་དམ་སྲོལ་ཡིག》གི་བླང་བྱ་གཞིར་བཟུང་། སྡོད་ཁང་སྤྱི་གསོག་མ་དངུལ་ལོ་མཇུག་ཏུ་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤོ་བ་དང་། དེ་བཞིན་ནོར་དོན་མཇུག་རྩིས་ཀྱི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་འགན་ལེན་བྱ་ཆེད། 2020ལོའི་ཟླ་12ཚེས་21ཉིན་ནས་2021ལོའི་ཟླ་1ཚེས་8ཉིན་བར་ནི་ལོ་འཁོར་གྱི་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤོ་བ་དང་དེ་བཞིན་ནོར་དོན་མཇུག་རྩིས་རྒྱག་པའི་དུས་ཚོད་ཡིན་པས། དེའི་རིང་བོད་རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་ཚོམས་ཆེན་དང་དེ་བཞིན་སྤྱི་གསོག་མ་དངུལ་བདག་སྤྲོད་ཀྱི་དངུལ་ཁང་ཁག་གི་ལས་གཉེར་བྱ་ཡུལ་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་། གཡར་བ། བསྡོམས་རྩིས་སོགས་ཀྱི་ལས་སྒོ་གནས་སྐབས་གཉེར་མཚམས་འཇོག་རྒྱུ་རེད་འདུག

    ལས་སྒོ་གཉེར་མཚམས་འཇོག་རིང་། དངུལ་ཁང་ཁག་གི་སྤྱི་གསོག་མ་དངུལ་ལས་གཉེར་བྱ་ཡུལ་གྱིས་སྤྱི་གསོག་མ་དངུལ་སྐྱེལ་བ(2020ལོའི་ཟླ་12ཚེས་30ཉིན་གོང)དང་། དེ་བཞིན་བློ་འདྲིའི་ལས་སྒོ་རྒྱུན་གཏན་ལྟར་སྒྲུབ་ཀྱི་ཡོད། སྤྱི་གསོག་མ་དངུལ་སྐྱེལ་མཁན་ལས་བཟོས་2021ལོའི་སྤྱི་གསོག་མ་དངུལ་གྱི་ལས་སྒོ་ཁག་རྒྱུན་གཏན་ལྟར་བསྒྲུབ་རྒྱུར་ཤུགས་རྐྱེན་མི་ཐེབས་པ་བྱ་ཆེད། ཚན་པ་ཁག་གི་སྤྱི་གསོག་མ་དངུལ་སྒྲུབ་གཉེར་མི་སྣས་ངེས་པར་དུ་ཟླ་12ཚེས་30ཉིན་གོང་རང་ཚན་པའི་2020ལོ་འཁོར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་བསྡོམས་རྩིས་རྒྱག་པ་དང་སྐྱེལ་བའི་ལས་དོན་སྒྲུབ་ཚར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།