དབུ་ཤོག>གསར་འགྱུར།
  • ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་ནས་ལྟེ་བའི་དཔལ་འབྱོར་ས་ཁོངས་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-16

    ཐོན་ལས་གླིང་གི་འཆར་འགོད་རི་མོ་ཆེན་པོ་དེར་ལྟ་དུས། པད་ཁའི་སྣུམ་ལས་སྣོན་དང་། ནས་ཀྱི་བཟའ་བཅའ་ལས་སྣོན། དཀར་ཆུའི་ཐོན་རྫས་ལས་སྣོན། རྒུན་འབྲུམ་ཨ་རག་བསྙལ་བཟོ། གྲང་ཕྲེང་ཟོག་འགྲེམས། འབྲི་གཡག་བཤས་གཏོང་། རི་སྐྱེས་ཤ་མོ་ཐུམ་སྒྲིལ་སོགས་ཐོན་ལས་མང་པོ་འཛོམས་ཡོད་པ་རྟོགས་ཐུབ།

    རི་མོའི་སྟེང་གི་བྱེད་ནུས་ཁུལ་དབྱེ་འབྱེད་དང་ཐོན་ལས་ཀྱི་བཀོད་པ་སྟོན་བཞིན་དུ། སྨར་ཁམས་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཀྲའོ་ཧུང་ཧྲེང་གིས། ཐོན་ལས་གླིང་འདིར་ཁྱོན་མུའུ་2286ཡོད། འཕྲེད་བཅད་རི་རྒྱུད་ཀྱི་རྩ་ཆེ་ཞིང་ཐུན་མོང་མ་ཡིན་པའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཁུངས་ལ་བརྟེན་ནས། བསྡུ་འགྲེམ་དང་། ལས་སྣོན། ལས་སྣོན་ཞིབ་ཚགས། ཟོག་འགྲེམས་སྡེབ་སྐྱེལ་བཅས་འཕེལ་རྒྱས་བཏང་བ་བརྒྱུད། མ་ལག་ཆེན་པོ་གསུམ་འཐུས་སྒོ་ཚང་དུ་བཏང་བས་ཞིང་འབྲོག་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཐེངས་གསུམ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    2017ལོའི་ཟླ་དྲུག་པར་སྨར་ཁམས་རྫོང་གི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་ལས་གཏོད་གསར་གཏོད་གླིང་དུ་བདམས་པ་དང་། 2018ལོའི་ཟླ་བཅུ་གཅིག་པར་རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་ཁེ་ལས་སྐྱོང་གསོ་གླིང་དུ་བདམས་པ་རེད།

    ཐོན་ལས་གླིང་དེ་འདི་ལྟར་མགྱོགས་མྱུར་འཕེལ་རྒྱས་བྱུང་བའི་རྒྱུ་རྐྱེན་གང་ཞིག་ཡིན་ནམ།

    ཀྲའོ་ཧུང་ཧྲེང་གིས། གཅིག་ནས་ཁྲོམ་ར་ཅན་དང་། ཁྱད་ལྡན་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ཁ་གསལ་བཟོས་པ་དང་། གཉིས་ནས་ཐོན་ལས་འཁོར་འབྲེལ་སྦྲེལ་མཐུད་དང་། རིན་ཐང་འཁོར་འབྲེལ་འཕར་ཐབས། ཐོན་ལས་མཉམ་འདྲེས་ཐེངས་གསུམ་བྱེད་པ། ས་ཁོངས་རང་ངོས་ཆ་འགྲིག་སོགས་ཀྱི་བྱ་ཐབས་སྤྱད་དེ་ཚོད་འཛིན་གྱི་འཇུར་མིག་བསལ་བ། གསུམ་ནས་སྲིད་འཛིན་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།

    དེ་དང་ཆབས་ཅིག གླིང་དེས་དུས་ཚོད་་དམ་འཛིན་ཡག་པོ་བྱས་ཏེ། ཐོན་ལས་འཁོར་འབྲེལ་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ཞབས་ཞུ་དུས་མཉམ་དུ་ཆ་འགྲིག་ལག་བསྟར་བརྟན་པོ་བྱས་ནས“ཐོན་ལས་འཁོར་འབྲེལ་སྦྲེལ་མཐུད་ནུས་ལྡན་མེད་པ་དང་། ཐོན་སྐྱེད་ཞབས་ཞུ་འཐུས་སྒོ་ཚང་པོ་མེད་པ། གོང་རིམ་གྱིས་འོག་རིམ་སྒུག་པ་དང་། འོག་རིམ་གྱིས་གོང་རིམ་སྒུག་པ། གོང་འོག་གཉིས་པོས་བར་བར་མཚམས་ལ་སྒུག་པ། ལས་ཀ་གཙོ་བོས་ལས་ཕལ་བར་སྒུག་པ་སོགས་ག་བྱེད་འདི་བྱེད་མེད་པར་གནས་པའི”སྣང་ཚུལ་སྔོན་འགོག་བྱས་པ་རེད།

    འདི་ལོའི་ཟླ་བདུན་པའི་བར། སྨར་ཁམས་རྫོང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་གིས་གྲོས་མཐུན་བཞག་ནས་དངོས་ཚན་རྣམ་གྲངས་77ནང་འདྲེན་བྱས་པ་དང་། རྣམ་གྲངས་46ལས་འགོ་བཙུགས་པའི་ཁྲོད་རྣམ་གྲངས་26གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་20བཏང་ཡོད་པ་དང་། དེའི་ནང་སྒོར་དུང་ཕྱུར་ཟིན་པའི་དངོས་ཚན་རྣམ་གྲངས་8ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།