དབུ་ཤོག>གསར་འགྱུར།
  • གངས་ལྗོངས་ས་མཐོར་སློབ་གསོའི་འབྲས་བཟང་སྨིན་པའི་ས་བོན་བཏབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-11

    “འདིར་འོང་བ་ནི་ཉི་མ་སྐྱེལ་བ་ཙམ་མིན་པར་གཡུར་ཟའི་འབྲས་བཟང་སྨིན་ཆེད་ཡིན”ཞེས་བོད་སྐྱོར་དགེ་རྒན་ཞིག་གིས་དེ་ལྟར་བྲིས་ཡོད་ལ་དེའང་ཧྲང་ཧའེ་བོད་སྐྱོར་དགེ་རྒན་ཚོས་དོན་གཉེར་བྱ་ཡུལ་ཞིག་ཀྱང་རེད། ཁོང་ཚོས་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་གྱི་སྤྱི་ཚོགས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ནས་གངས་ལྗོངས་ས་མཐོའི་སློབ་གསོའི་ཞིང་སར་གཡུར་ཟའི་འབྲས་བཟང་སྨིན་པའི་ས་བོན་བཏབ་ཡོད་ཅེས་ཧྲང་ཧའེ་གྲོང་ཁྱེར་གྱི་རེས་སྐོར་གསར་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་འགན་འཁུར་བས་བཤད།

    བོད་སྐྱོར་དགེ་རྒན་དང་ས་གནས་དེ་གའི་དགེ་རྒན་དབར་གྱི་མཉམ་འདྲེས་ལ་སྐུལ་འདེད་ཐེབས་པ།

    ས་གནས་དེ་གའི་དགེ་རྒན་དང་བོད་སྐྱོར་དགེ་རྒན་དབར་འཚོ་བ་དང་། གོམས་གཤིས། རིག་གནས་བཅས་ལ་སྔར་བས་རྒྱུས་མངའ་ཟབ་ཏུ་ལོན་ཆེད། བོད་སྐྱོར་དགེ་རྒན་གྱིས་རང་ངོས་ཀྱི་ལས་འགན་ལ་གཞིགས་ནས་སློབ་གྲྭའི་ཏང་ཀྲི་པུའུ་ཁག་ཏུ་ཞུགས་ཏེ་ས་གནས་དེ་གའི་དགེ་རྒན་དང་མཉམ་དུ་ཏང་འཛུགས་སྐྱོང་གི་བྱེད་སྒོ་ཁག་སྤེལ་ནས་ཐུགས་ཁུར་བྱེད་རེས་དང་མཛའ་གྲོགས་ཀྱི་འབྲེལ་བ་གཏིང་ཟབ་ཅིག་བཙུགས་ཡོད་པ་རེད། ལས་ཀའི་ཁྲོད“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་ལམ་ལུགས་ལག་བསྟར་བྱས་པ་སྟེ། ལས་གནས་གཅིག་ལ་བོད་སྐྱོར་དགེ་རྒན་1དང་ས་གནས་དེ་གའི་དགེ་རྒན་1གིས་མཉམ་དུ་འགན་འཁུར་གྱི་ཡོད་པ་རེད། བོད་སྐྱོར་དགེ་རྒན་ཁྲོད་ཆེད་བསྐོས་དགེ་རྒན་24ཚང་མས་སློབ་གྲྭའི་སློབ་དཔྱོད་ཚོགས་ཆུང་གི་ཙུའུ་ཀྲང་ངམ་ཡང་ན་རིག་ཚན་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་གཅིག་ལྕོགས་ཁུར་ནས་ས་གནས་དེ་གའི་རིག་ཚན་གྱི་སློབ་དཔྱོད་ལས་དོན་འཕེལ་རྒྱས་ལ་སྣེ་ཁྲིད་དང་ཁྱད་ལྡན་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་སུ་གཏོང་གི་ཡོད། བོད་སྐྱོར་དགེ་རྒན་15ཡིས་རོགས་སྐྱོར་བྱ་ཡུལ་གྱི་སློབ་གྲྭའི་དགེ་རྒན་དང་ཆ་སྒྲིག་རོགས་སྐྱོར་བྱེད་པ་དང་། བོད་སྐྱོར་དགེ་རྒན་6གིས་སློབ་གྲྭའི“གྲགས་ཅན་དགེ་རྒན་དྲུག་གི་ལས་དོན་ཁང”གི་མཛུབ་ཁྲིད་དགེ་རྒན་བྱེད་པ། བོད་སྐྱོར་དགེ་རྒན་7གྱིས་སློབ་གྲྭའི་ཆེད་སྤྱོད་ཚོད་ལྟ་ཁང་གི་ཚོད་ལྟ་བ་གཅིག་ལྕོགས་བྱེད་པ་བཅས་རོགས་སྐྱོར་བྱེད་སྒོ་སྣ་ཚོགས་ཐེངས་100ལྷག་ཙམ་སྤེལ་བ་རེད།

    བྱ་ཐབས་དེ་དག་གིས་བོད་སྐྱོར་དགེ་རྒན་གྱི་དོ་དམ་དང་། ཀུན་སྤྱོད་སློབ་གསོ། སློབ་ཁྲིད་སོགས་ཀྱི་སྔོན་ཐོན་གྱི་འདུ་ཤེས་དང་ཉམས་མྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཐུབ་ནས་བོད་རྒྱ་མི་རིགས་མཉམ་འདྲེས་ཡོང་བར་སྐུལ་མ་ཐེབས་ཡོད་པ་རེད། བོད་སྐྱོར་དགེ་རྒན་དང་ས་གནས་དེ་གའི་དགེ་རྒན་གྱིས་ལས་གནས་ཐོག་མཉམ་ལས་བྱེད་སྐབས་ཕན་ཚུན་རྒྱུས་མངའ་དང་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་ཡང་བྱེད་ཀྱི་ཡོད།

    བོད་སྐྱོར་དགེ་རྒན་དང་ས་གནས་དེ་གའི་སློབ་མའི་དབར་གྱི་མཉམ་འདྲེས་ལ་སྐུལ་འདེད་ཐེབས་པ།

    ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་རུ་ཁག་གིས་སློབ་འགོ་ཚུགས་རྗེས་ཀྱི་ཟླ་གཉིས་རིང་རང་ངོས་ཀྱི་ལས་གནས་བཀོད་སྒྲིག་གཞིར་བཟུང་། སློབ་གྲྭའི་ད་ལྟའི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་མ་ཟད། རུ་ཁག་ཡོངས་ནང་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད། བརྟག་ཞིབ་སྣ་ཚོགས་བྱས་པ་བརྒྱུད་བོད་སྐྱོར་དགེ་རྒན་གྱིས་སློབ་མར་རྒྱུས་མངའ་སྔར་བས་ཟབ་ཏུ་ཕྱིན་པ་དང་སྦྲགས། ལས་དོན་རུ་ཁག་གིས་དབྱར་གསེང་སྤྱད་ནས་ཕུལ་བྱུང་སློབ་མ་འགའ་ཞིག་ཧྲང་ཧའེ་རུ་སློབ་སྦྱོང་ལ་བཏང་ནས་ཁོང་ཚོར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་རིང་གི་འཕོ་འགྱུར་ཆེན་པོ་མྱོང་རོལ་བྱེད་དུ་བཅུག་པ་རེད། སློབ་མའི་སྤྲོ་བ་འཕེལ་བ་བྱ་ཆེད་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་རུ་ཁག་གིས་ད་དུང་སློབ་མའི་དགའ་མོས་ལ་གཞིགས་ནས་གནམ་དཔྱད་ཚོགས་པ་དང་མིག་མངས་ཚོགས་པ་སོགས་སློབ་མའི་ཚོགས་པ་52བཙུགས་ཏེ་སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད།

    ཧྲང་ཧའེ་སློབ་གྲྭ་དང་བོད་ལྗོངས་སློབ་གྲྭའི་དབར་གྱི་མཉམ་འདྲེས་ལ་སྐུལ་འདེད་ཐེབས་པ།

    ཧྲང་ཧའེ་ཡི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་རུ་ཁག་གིས“མཉམ་འདྲེས་མཉམ་སྐྲུན་དང་སྤུས་རྟགས་གཏོད་པའི”ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་པ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་ཏེ་སློབ་གྲྭའི་དགེ་སློབ་ཚང་མས་མི་རིགས་ཀྱི་རང་བཀུར་བསམ་པ་དང་སྤོབས་སེམས་བརྟན་པོ་ཆགས་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་བློ་ཁ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ཁྲོད་ལས་དོན་རུ་ཁག་གིས“1+5+X”རྒྱང་ཁྲིད་སློབ་གསོའི་མཉམ་སྤྱོད་ལས་སྟེགས་བཏོད་པ་དང་རོགས་སྐྱོར་ཐོབ་མཁན་ཚན་པ་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ་རྨང་གཞིར(“1”)བྱས་པ་དང་། ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྒྱལ་རྩེ་དང་། ལྷ་རྩེ། དིང་རི། གྲོ་མོ། ས་སྐྱ་བཅས་རྫོང་5(“5”)ཡིས་ཧྲང་ཧའེ་ཡི་སློབ་གྲྭ་འགའ(“X”)དང་རྒྱང་ཁྲིད་སྤེལ་རེས་སློབ་ཁང་བཙུགས་པ་རེད། ཧྲང་ཧའེ་ཡི་ས་ཁུལ་ཁག་གི་ཕུལ་བྱུང་དགེ་རྒན་གྱིས་སྤེལ་རེས་སློབ་ཁང་ནང་གཞི་རྩའི་དགེ་སློབ་དང་མཉམ་དུ་མཉམ་འགུལ་བྱས་པས་ཧྲང་ཧའེ་དང་གཞིས་རྩེའི་དབར་དང་། དེ་བཞིན་ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྫོང་ལྔའི་སློབ་ཁྲིད་སློབ་དཔྱོད་ཐད་མཉམ་འགུལ་ཐུབ་ནས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་དང་སློབ་གསོའི་བྱ་གཞག་ཁྲོད་ཀྱི་ཡུལ་དུས་ཀྱི་ཚད་བཀག་སེལ་ཐུབ་པ་བྱུང་བ་མ་ཟད། དྲ་ཕྱིར་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་རུ་ཁག་གིས“སློབ་གྲྭ་བརྒྱ་ཕན་ཚུན་ལག་གདང་སྦྲེལ་བའི”བྱེད་སྒོ་སྤེལ་བས་ཧྲང་ཧའེ་ཡི་གྲགས་ཅན་སློབ་གྲྭ་མང་པོ་དང་ཆ་སྒྲིག་རོགས་སྐྱོར་ཐུབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།