དབུ་ཤོག>གསར་འགྱུར།
  • འཛད་སྤྱོད་དབུལ་སྐྱོར་གྱིས་སྒོར་དུང་ཕྱུར་ལྷག་ཙམ་ཟིན་པའི “ས་མཐོའི་ཟོག་བཟང”བོད་ནས་དོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-12-11

    793658_yis_1607576159252_s.jpg

    འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་ཇ་འདེབས་ཞིང་པས་ཇ་ཞིང་དུ་ཇ་ལོ་འཐུ་བཞིན་པ། 

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་སྤེལ་བ་ནས་བཟུང་། བོད་ཀྱིས་ཐོན་རྫས་185ངོས་འཛིན་དང་རེ་ཞུ་བྱས་ནས་ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར་1.05ཟིན་ཡོད། ཞིང་འབྲོག་ཐོན་རྫས་སྤུས་ལེགས་དང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་དྲ་སྦྲེལ་བརྒྱུད་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཀྲེ་ཅང་སོགས་སུ་བཏང་བས་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད།

    བོད་ལྗོངས་ལ“སའི་གོ་ལའི་སྣེ་གསུམ་པ”ཞེས་འབོད་པ་དང་། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྱད་ལྡན་ཐོན་རྫས་ཡོད། འོན་ཀྱང་སྔར་ནས་བཟུང་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་པོ་མེད་པ་དང་། ཟོག་འགྲེམས་ཐབས་ལམ་ཤར་གཏོང་མེད་པ། གཉེར་ཚོང་དང་ཁྱབ་གདལ་གཏོང་དཀའ་བ་སོགས་ཀྱི་གནད་དོན་གྱིས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་ཡི་ཡོད།

    འཛད་སྤྱོད་དབུལ་སྐྱོར་གྱིས་བོད་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ལ་ཐབས་ལམ་གསར་པ་བཏོད་ཡོད།

    ད་ལོའི་ཟླ་བཞི་པར། ཀྲུང་ཤིན་དངུལ་ཁང་གི་བོད་སྐྱོར་ལས་བྱེད་པ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཝང་ཅུན་ཆང་གིས། གངས་ལྗོངས་ས་མཐོར“རྫོང་དཔོན་གྱིས་ཚོང་ཟོག་འགྲེམས་ཚོང་བྱེད་པའི”ལས་དོན་སྤེལ་ཞིང་། ཆུ་ཚོད་གཉིས་ཀྱང་མ་འགོར་བར་དྲ་རྒྱའི་གནོན་ཚད་མི་ཐེངས་ཁྲི་5ལྷག་ཙམ་ཟིན་ནས་དྲ་ཐོག་དང་དྲ་ཕྱིའི་མངགས་ཐོ་1200ཟིན་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་20ཙམ་ཟིན་ཡོད། “འཁྱུག་ཙམ་ཞིག་ལ་ས་མཐོའི་ཚགས་ཤ་སྤུས་ལེགས་ཧབ་ཐོབ་བརྒྱབ་པ་དང་། དྲ་བའི་ཐད་གཏོང་བྱེད་ཐེངས་ཤིག་ལ་བོད་བྱང་ཐང་གི་དེ་སྔའི་རྫོང་དབུལ་པོ་ཞིག་ལ་དྲ་སྦྲེལ་དཔལ་འབྱོར་དར་འགོ་ཚུགས་ཡོད”ཅེས་ཝང་ཅུན་ཆང་གིས་བཤད།

    དེ་དང་ཆབས་ཅིག་འཛད་སྤྱོད་དབུལ་སྐྱོར་གྱིས་ཀྱང་བོད་ཀྱི་ཞིང་ལས་ཐོན་ལས་དེང་རབས་ཅན་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བཞིན་ཡོད།

    ལོ་ཏོག་བསྡུ་བའི་དུས་ཚིགས་སུ། བོད་ལྗོངས་རྒྱལ་རྩེ་རྫོང་ལྕང་ར་ཤང་རམ་ཁང་གྲོང་ཚོའི་ནས་ཚོད་འདེབས་ཀྱི་ཞིང་ཁ་ཞིག་ཏུ་གྲོང་མི་རྒོད་སྐྱེས་དང་མི་འགའ་ཞིག་ལས་ལ་བྲེལ་བཞིན་འདུག ཞིང་ཁ་དེ་ནས་སྐྱེས་པའི་ནས་ལ་ཚོང་པས་ཁྲོམ་རའི་རིན་གོང་ལས་20%ཡིས་མཐོ་བའི་སྒོ་ནས་ཉོ་སྒྲུབ་བྱས་ཏེ་འོ་ཇ་དང་ནས་ཀྱི་བཟའ་བཅའ་སྣ་ཚོགས་བཟོས་ནས་ནང་སར་འཚོང་གི་ཡོད།

    “རྒྱལ་རྩེ་ནི་ནས་ཐོན་ཁུལ་གཙོ་བོ་ཡིན་མོད། འོན་ཀྱང་སྔོན་ཆད་ཉུང་མཐར་ཡང་ཐོན་འབབ་ཀྱི་བརྒྱ་ཆ་30ནི་མང་ཚོགས་རང་ཉིད་ཀྱིས་སྤྱོད་པ་ལས་འཚོང་མཁན་ཉུང་ཉུང་རེད། ཐོན་ལས་ཀྱི་སྐུལ་ཁྲིད་མི་འདང་བས་ས་གནས་དེ་གའི་མང་ཚོགས་ཚོས་ནས་ཀྱི་དཔལ་འབྱོར་གྱི་རིན་ཐང་ལ་ངོས་འཛིན་གང་ལེགས་ཐུབ་མེད”ཅེས་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་རྒྱལ་རྩེ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་དབྱི་ཡིས་བཤད་པ་དང་། ཁོང་གིས“གནད་དོན་དེར་དམིགས་ནས་ཧྲང་ཧའེ་བོད་སྐྱོར་རུ་ཁག་གིས་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་བརྒྱུད་ཚོང་པ་དང་ནས་འདེབས་དུད་ཚང་མང་པོའི་དབར་འབྲེལ་མཐུད་བྱས་ཏེ། ནས་ཚོང་ཟོག་ཅན་སྔར་བས་མཐོ་རུ་གཏོང་བཞིན་ཡོད”ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།