དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ལས་དོན་ནི་ཚང་མ་དང་འབྲེལ་བ་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-09

    ཞུས་ཡུན་ཧྥུན་ནི་མྱང་སྟོད་ཤང་ནུ་མ་གྲོང་ཚོར་བཅའ་སྡོད་རྒྱལ་རྩེ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་མངགས་པའི་ལས་དོན་རུ་ཁག་གི་རུ་དཔོན་ཡིན་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུན་གཞི་རིམ་དུ་གཞི་ཚུགས་ཏེ་རང་ཉིད་ཀྱི་གྲོང་སྡོད་ཉམས་མྱོང་ལ་བརྟེན་ནས་མི་རིགས་ཁག་དབར་ཤ་རུས་ལྟར་ཁ་འབྲལ་ཐབས་མེད་པའི་བདེན་དོན་ལག་ལེན་དུ་བསྟར་བ་མ་ཟད། སེམས་ནུས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ལྷད་མེད་བརྩེ་སེམས་བཅངས་ནས་མི་རིགས་ཁག་དབར་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཀྱི་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཞིག་ཀྱང་བརྩམས་ཡོད།

    འདི་ལོའི་ཚུན་དུ་ཁོང་གིས་དུད་ཚང་50ལྷག་ཙམ་ལ་བསྐྱོད་དེ་དུད་ཚང་རེ་རེ་བཞིན་ཏང་གི་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་བསྐྲུན་ཏེ་རྩིས་སྤྲོད་བེད་སྤྱོད་བྱས་རྗེས། ཞུས་ཡུན་ཧྥུན་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་གིས་སྡེ་ཁུལ་ལ་རྒྱུས་མངའ་མེད་པའི་གནས་ཚུལ་དངོས་ལ་གཞིཌ་ནས་ལག་རྩལ་མི་སྣ་ཁྲིད་དེ་ཁོང་ཚོའི་ཁྱིམ་དུ་བསྐྱོད་པ་དང་། ཆུ་དང་། གློག དྲོད་རླངས་སོགས་སྤྱོད་སྟངས་དུད་ཚང་རེ་རེ་བཞིན་སློབ་པ། རྒྱུན་གཏན་གྱི་སྲུང་སྐྱོང་དང་དོ་སྣང་བྱེད་དགོས་པའི་དོན་ཚན་བཅས་ལ་འགྲེལ་བཤད་བརྒྱབ་པ་དང་འབྲེལ། སྡོད་ཁང་ཁ་ཤས་ལ་ཁང་པ་ཉམས་བཟོ་དང་ཆུ་གློག་སྒྱུར་བཀོད་བྱེད་རོགས་ཀྱང་བྱས་ཡོད།

    ཞུས་ཡུན་ཧྥུན་གྱིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཁྲོད་ནུ་མ་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡུལ་དམག་འཕྲལ་སྡོམ་ཡན་ལག་རུ་ཁག་བཙུགས་ཤིང་། ཡུལ་དམག་འཕྲལ་སྡོམ་ཡན་ལག་རུ་ཁག་བཙུགས་ཟིན་རུང་དེར་མཁོ་བའི་སྨན་བཅོས་སྒྲིག་ཆས་ཧ་ལམ་མེད་པས། ཁོང་གིས་རང་དངུལ་སྤྱད་དེ་ཡུལ་དམག་རྩ་འཛུགས་འཐུས་ཚང་དུ་བཏང་བ་དང་ལམ་ལུགས་ཁག་འཐུས་ཚང་དུ་བཏང་བའི་རྨང་གཞིའི་ཐོག་ཁ་རས་སོགས་འགོག་སྲུང་དངོས་རྫས་དུས་ཐོག་ཏུ་ཉོས་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་གནད་དོན་ཐད་ཞུས་ཡུན་ཧྥུན་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལས་དོན་ནི་ཚང་མ་དང་འབྲེལ་བ་ཡོད་ཅེས་བརྗོད་པ་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཁྲོད་སེམས་ནུས་དང་རྒྱུ་དངོས་ཡོད་ཚད་འདོན་ཕོད་ཀྱི་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་ལ“བརྩེ་སེམས”བཅངས་ཚེ་ཚང་མའི་ཁས་ལེན་ཐོབ་ངེས་རེད་ལ། “བརྩེ་སེམས”བཅངས་ཏེ་རོགས་རམ་བྱས་ཚེ་ཁོང་ཚོའི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།