དབུ་ཤོག>གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱིས་དཀའ་ངལ་ཡོད་པའི་བུད་མེད་ལ་གཅེས་སྐྱོང་གིས་རིན་མེད་ངང་སྨན་བཅོས་བརྟག་དཔྱད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-09

    “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”བའི་རྣམ་པ་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་གི་དཀའ་ངལ་ཡོད་པའི་བུད་མེད་ཀྱི་གཟུཌ་གཞི་བདེ་ཐང་ལ་དོ་ཁུར་དང་གཅེས་སྐྱོང་བྱེད་པ། བུ་སྣོད་ཀྱི་སྐྲན་དང་། ནུ་མའི་འབྲས་སྐྲན། ས་མཐོའི་ནད་སོགས་ལ་དམིགས་ཏེ། ནད་གཞི་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ནས་སྨན་བཅོས་བྱེད་ཚད་མཐོར་གཏོང་དང་ཤི་ཚད་དམའ་རུ་ཏན་ཏིག་བཏང་ནས་དཀའ་ངལ་ཡོད་པའི་བུད་མེད་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག ནག་ཆུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནག་ཆུ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཉམ་དུ། དཔལ་འབྱོར་གྱི་ཡོང་འབབ་ཅུང་དམའ་བའི་བོད་རིགས་རྒྱ་རིགས་ཧུད་རིགས་དང་ཡུ་གུར་རིགས་སོགས་ཀྱི་དཀའ་ངལ་ཡོད་པའི་བུད་མེད་28ལ“འབྲས་སྐྲན་གཉིས”དང་ས་མཐོའི་ནད་རིན་མེད་ངང་བརྟག་དཔྱད་བྱས་ཡོད།

    བྱེད་སྒོའི་ནང་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་གདན་དྲངས་ནས་དཀའ་ངལ་ཡོད་པའི་བུད་མེད་28ལ“འབྲས་སྐྲན་གཉིས”དང་དེ་བཞིན་ས་མཐོའི་ནད་སོགས་བརྟག་དཔྱད་བྱས་པ་མ་ཟད། ད་དུང་བརྟག་དཔྱད་བྱས་འབྲས་ལ་གཞིགས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་བདེ་ཐང་མཛུབ་ཁྲིད་དང་སྨན་བཅོས་ཀྱི་གྲོས་འགོ་བཏོན་ཡོད། སྨན་དོན་མི་སྣས་ཁོང་ཚོར་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་ལ། སྨན་དོན་མི་སྣའི་སེམས་རྩ་འཁོལ་ལ་ཞིབ་ཚགས་པའི་ཞབས་ཞུར་བུད་མེད་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།

    ད་ཐེངས་ཀྱི་བདེ་ཐང་བརྟག་དཔྱད་ལས་དཀའ་ངལ་ཡོད་པའི་བུད་མེད་ཚོའི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་མི་རིགས་ཁག་དབར་གྱི་བརྩེ་སེམས་ཟབ་ཏུ་ཕྱིན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་ཐོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།