སྣང་རྫོང་གི་ནུབ་རྒྱུད་དུ་གནས་པའི་གྲོང་མདའ་གྲོང་ཚོ་ནི་གྲོང་མདའ་གྲོང་རྡལ་གྱི་སྲིད་གཞུང་གནས་ཡུལ་ཡིན་ཞིང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་30ཙམ་ཡོད་ལ། ཡར་ཀླུང་གཙང་པོ་དང་རྒྱལ་ལམ་560དེའི་ཁོངས་ནས་བརྒྱུད་དགོས་ཀྱི་ཡོད། གྲོང་མདའ་གྲོང་ཚོའི་དུད་ཚང་171དང་མི་605ཡི་ཁྲོད་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་13དང་མི་40ལྷག་ཙམ་ཡོད་ལ། གྲོང་ཚོ་དེར་ཡུན་རིང་འཚོ་བ་སྐྱེལ་མཁན་ཧུའེ་རིགས་དང་རྒྱ་རིགས་ཀྱི་ཚོང་དུད་20ལྷག་ཙམ་ཡོད་པས། གྲོང་མདའ་གྲོང་རྡལ་གྱི་མི་རིཌ་མཐུན་སྒྲིལ་ཁྱིམ་ཚང་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འདུ་འཛོམས་ཆེས་མང་ཤོས་ཀྱི་གྲོང་ཚོ་རེད།
བཀའ་དྲིན་སེམས་སུ་བཅངས་ནས《གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ》ཞེས་པ་དབྱངས་ལ་གྱེར་བ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་། “གྲོང་ཚོ་ཀུན་ཁྱབ”འདུ་འགོད། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འདུ་འགོད། འོས་འགན་སློབ་གསོ། “འགན་ལེན་གསུམ”གྱི་སྲིད་ཇུས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་སྲིད་ཇུས་སོགས་ཞིང་ཕན་ཞིང་དར་གྱི་སྲིད་ཇུས་ལས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དེ་བས་འབྱོར་ཕྱུག་ལྡན་པར་གྱུར།
“ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང”གྲོང་མདའ་གྲོང་ཚོའི་ཞིང་འབྲོག་པས་ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་སེམས་སུ་ངེས་ཏེ། རང་འགུལ་ངང་གཞས་མ་གཏམ《གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ》ཞེས་པ་རྩོམ་སྒྲིག་བྱས་ཤིང་། ཡར་ལངས་བདག་པོར་གྱུར་པ་ནས་འགྲོ་སྡོད་གནས་མལ་སོགས་མང་ཚོགས་ཀྱི་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པའི་ཕྱོགས་ནས་འགོ་བཙུགས་ཏེ། སྤྱི་ཚོགས་གསར་རྙིང་བསྡུར་བ་མ་ཟད། “《གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ》ཞེས་པའི་གཞས་གཏོང་རུ་ཁག”བཙུགས་ཏེ་གྲོང་རྡལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱས་ནས། གྲོང་མི་ཚོས་ཏང་ལ་བཅངས་པའི་དྲིན་ཚོར་གྱི་སེམས་པ་མཚོན་པར་བྱས་ཡོད་ལ། མང་ཚོགས་ཚོའི་བདེ་སྐྱིད་འཚོ་བའི་རྣམ་པ་དང་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་པོའང་མཚོན་པར་བྱས་ཡོད།
ལས་སྟེགས་ལ་བརྟེན་ནས་དྲིལ་བསྒྲགས་སློབ་གསོ་ཟུང་འབྲེལ་གྱི་རྣམ་པ་བཏོད་པ།
གྲོང་མདའ་གྲོང་ཚོས་གྲོང་ཚོ་རིམ་པའི་རྟེན་གཞིར་བརྟེན་ནས་མི་སྣ་སྐྱོང་བའི་རྣམ་པ་རྒྱུན་མཐུད་ལེགས་སུ་བཏང་བ་དང་། གྲོང་ཚོའི་རིག་གནས་ཁང་དང་། ཞིང་པའི་དཔེ་དེབ་ཁང་། “གསར་བརྗེའི་རླུང་འཕྲིན” “གསར་བརྗེའི་མཚན་སློབ” “གསར་བརྗེའི་གློག་བརྙན་ཁང”སོཌ་ཀྱི་རྟེན་གཞིའི་ཁྱབ་འགྱེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དྲང་ནུས་ཁྱབ་སྤེལ་ཤུགས་ཆེན་དང་། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། སློབ་སྦྱོང་གི་ནང་དོན་གཏིང་ཟབ་ཏུ་གཏོང་བ། སློབ་སྦྱོང་བྱེད་སྟངས་ཕུན་སུམ་ཇེ་ཚོཌ་སུ་གཏོང་བ། སློབ་གསོ་སློབ་སྦྱོང་གི་ཤུགས་རྐྱེན་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོར་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།
གྲོང་མདའ་གྲོང་རྡལ་ཏང་ཨུད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག གྲོང་མདའ་གྲོང་ཚོའི་ཏང་ཀྲི་པུས་མི་རིཌ་མཐུན་སྒྲིལ་གྱི་དཔེ་དེབ་སྤྲོད་པའི་མཛད་སྒོ་གཉེར་ནས《བོད་ཀྱི་འཕེལ་རྒྱས་ལོ་རྒྱུས》དང《ཉིང་ཁྲིའི་ས་ཁོངས་རིག་གནས་དཔེ་ཚོགས》སོགས་བོད་ཡིག་པར་མའི་དཔེ་དེབ་དུད་ཚང་ཚང་མར་སྤྲད་པ་དང་། “གསར་བརྗེའི་མཚན་སློབ”ལ་བརྟེན་ནས“མི་རིགས་མཐུན་སྒྲིལ་གླེང་བའི་སློབ་ཁང་ཆེ་མོའི་འཆད་ཁྲིད”གསར་གཏོད་རང་བཞིན་གྱི་སྒོ་ནས་སྤེལ་བ། སྣང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་མདའ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གྲོང་ཚོར་གདན་དྲངས་ཏེ་བོད་ཀྱི་མི་རིཌ་ཁག་གི་མི་དམངས་དབར་འགྲོ་འོང་དམ་ཟབ་དང་། གཅིག་ལ་གཅིག་རྟེན། སྐྱིད་སྡུག་མཉམ་མྱོང་བཅས་ཀྱི་ལོ་རྒྱུས་བརྗོད་ནས་མི་རིགས་ཁག་གི་གྲོང་མི་ཚོས“བོད་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ཤིག་ཡིན་པའི”ངོས་འཛིན་གཏིང་ཟབ་བྱུང་བ་དང་། བོད་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་དང་། འཕེལ་རྒྱས་ཆེན་པོ། དར་རྒྱས་ཆེན་པོ་བཅས་ཀྱི་བརྗོད་དོན་གཙོ་བོ་དར་སྤེལ་བཏང་ཡོད།
ཕྱར་བ་གྲུ་འདེགས་ཀྱིས་གྲོང་མདའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་པ།
ཉེ་བའི་ལོ་ཤས་རིང་། གྲོང་མདའ་གྲོང་ཚོའི་ཐོན་ལས་མེད་པ་ནས་ཡོད་པར་གྱུར་ཞིང་། བོད་རིགས་དང་། རྒྱ་རིགས། དེ་བཞིན་མི་རིགས་གཞན་དག་མཉམ་དུ་ཞུགས་ནས་ད་ཆའི་ཕྱུག་འགྱུར་ལམ་བུའི“མཆོག་ནོར་གཉིས”ཏེ། “གསེར་བྱེ”(གྲོང་མདའ་གྲོང་ཚོའི་བྱེ་རྡོ་ར་བ)དང“ལྗང་མདོག་ཤིང་འབྲས”(སྟར་ཁ་སྤེལ་འདེབས་རྟེན་གཞི་དང་སུར་པན་གཞི་ཁྱོན་འདེབས་འཛུགས་དཔེ་སྟོན་རྟེན་གཞི)གཉིས་གྲུབ་ཡོད། གྲོང་ཚོའི་ཐོན་ལས་ཆེན་པོ་གསུམ་དང་། ལྷ་མདའ་ཚོགས་ཆུང་གི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་། རི་མཐོའི་འབྲི་གཡག་གསོ་ཚགས་ཀྱི་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་ཆེན་པོ་གཉིས་བཅས་ལས་ལོ་ལྟར་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་4000ལྷག་ཙམ་བྱུང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་ཡོད།
གྲོང་མདའ་གྲོང་ཚོར་འཚོ་བ་སྐྱེལ་བཞིན་པའི་མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་ཚོས་ཕྱར་བ་གྲུ་འདེགས་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། ཐུན་མོང་འབད་འཐབ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཕན་འབྲས་དངོས་ལ་བརྟེན་ནས་དེ་སྔའི་གྲོང་ཚོ་དབུལ་པོ་ཤེས་དཔལ་དང་འབྱོར་ཕྱུག་ལྡན་པའི་གྲོང་གསེབ་གསར་པ་ཞིག་ཏུ་བསྐྲུན་ཡོད་ལ། “ཁ་འབྲལ་ཐབས་མེད་པ་གསུམ”ལག་བསྟར་བྱེད་པའི་དཔེ་སྟོན་གྲོང་ཚོ་ཞིག་ཏུའང་གྱུར་ཡོད།