དབུ་ཤོག
  • ཀླད་པའི་ཁྲག་རྩའི་ནད་ཕོག་སླ་བའི་སྔ་ལྟས་འགའ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-06

    1. གློ་བུར་དུ་མགོ་ཡུར་འཁོར་བ།

    མགོ་ཡུར་འཁོར་བ་ནི་ཀླད་པའི་ཁྲག་རྩའི་ནད་ཀྱི་སྔ་ལྟས་ཁྲོད་ཀྱི་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་པ་དང་ཀླད་པའི་ཁྲག་རྩའི་ནད་མ་ཕོག་གོང་མགོ་ཡུར་འཁོར་གྱི་ཡོད་པ་དང་ཞོགས་པ་ལངས་སྐབས་ཕོག་མང་ཤོས་ཡིན། གཞན་ཡང་དཀའ་ལས་ཁ་བ་དང་གཟུགས་པོ་འཁྲུས་རྗེས་ཕོག་སླ་པོ་ཡོད། ལྷག་དོན་དུ་ཁྲག་ཤེད་མཐོ་པོ་ཡོད་ཚེ་ཉིན་གཅིག་གཉིས་ནང་མགོ་ཡུར་ཐེངས་ལྔ་ཙམ་འཁོར་ཚེ་ཀླད་པའི་ནང་ཁྲག་ཤོར་བའམ་ཡང་ན་ཀླད་པའི་ཁྲག་རྩ་འགག་པའི་ཉེན་ཁ་ཆེན་པོ་ཡོད།

    2.གློ་བུར་དུ་མགོ་བོར་ཟུག་གཟེར་དྲག་པོ་གཏོང་བ།

    གློ་བུར་དུ་མགོ་བོར་ཟུག་གཟེར་དྲག་པོ་བཏང་ཚེ་རྔམ་འདར་ཤོར་སྲིད། ཉེ་དུས་མགོ་བོར་རྨས་སྐྱོན་ཕོག་མྱོང་བ་དང་། དེ་དང་མཉམ་དུ་དྲན་པ་ཐོར་བ་དང་གཉིད་ཁུག་སླ་བ། མགོ་བོར་ཟུག་གཟེར་རྒྱག་པའི་ནད་ཀྱི་ངོ་བོ་དང་།ཟུག་གཟེར་རྒྱག་ས། ནད་ཀྱི་ཁྱབ་ཚུལ་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། གློ་ཤུགས་ཆེན་པོ་རྒྱབ་པའི་རྐྱེན་གྱིས་མགོ་བོའི་ན་ཟུག་ཆེ་རུ་འགྲོ་བ་དང་མཚན་མོར་ན་ཟུག་གིས་གཉིད་མི་ཁུག་པ་བཅས་ཀྱི་གནས་ཚུལ་ཐོན་ཚེ་ངེས་པར་དུ་སྨན་ཁང་ལ་བརྟག་དཔྱད་བྱེད་པར་འགྲོ་དགོས།

    3.གོམ་པ་ཡག་པོ་སྤོ་མི་ཐུབ་པ།

    གོམ་འགྲོས་འཆོལ་བ་དང་རྐང་པར་ཤུགས་མེད་པ་ནི་གྲིབ་སྐྱོན་ཕོག་པའི་སྔ་ལྟས་ཀྱི་ནད་རྟགས་ཡིན། གལ་སྲིད་རྒན་རྒོན་གྱི་གོམ་འགྲོས་ལ་གློ་བུར་དུ་འགྱུར་ལྡོག་བྱུང་བ་མ་ཟད། རྐང་ལག་ལ་ཤུགས་མེད་པར་འགྱུར་ཚེ་ཀླད་པའི་ཁྲག་རྩའི་ནད་ཕོག་པའི་ལྔ་ལྟས་ཡིན།

    4.ཨལ་སྟོང་མང་པོ་རྒྱག་པ།

    ཁྲག་མི་འདེང་བའི་ཀླད་པའི་ཁྲག་རྩའི་ནད་གཞི་ཕོག་པའི་ནད་པ་ཡིན་ཚེ། ནད་མ་ཕོག་གོང་ནད་པ་80%ཙམ་ལ་ཉིན་ལྔ་ནས་བཅུའི་བར་ཨལ་སྟོང་ཡང་སེ་རྒྱག་པའི་གནས་ཚུལ་ཐོན་གྱི་ཡོད།

    5.ཁྲག་ཤེད་མཐོ་བའི་ནད་པར་སྣ་ཁྲག་རྒྱག་པ།

    དེ་ནི་དོ་སྣང་བྱེད་དགོས་པའི་ཉེན་བརྡ་ཞིག་རེད། སྣ་ཁྲག་ཐེངས་མང་པོ་རྒྱག་པ་མ་ཟད། མིག་རྩ་ནས་ཁྲག་དོན་པ་དང་གཅིན་པ་ནས་ཁྲག་དོན་ཚེ་ལོ་ཕྱེད་ནང་ཀླད་ཁྲག་ཤོར་བའི་ཉེན་ཁ་ཡོད།

    6.ཁྲག་ཤེད་བརྟན་པོ་མེད་པ།

    ཁྲག་ཤེད་གློ་བུར་དུ་200/120mmHgཡན་ཟིན་སྐབས་ཀླད་ཁྲག་ཤོར་བའི་ཉེན་ཁ་ཡོད་པ་དང་ཁྲག་ཤེད་གློ་བུར་དུ་80/50mmHgམན་ཆག་ཚེ་ཀླད་པའི་ཁྲག་རྩའི་ནང་ཁྲག་རྡོག་ཆགས་པའི་ཉེན་ཁ་ཡོད།

    7.སྔ་ལྟས་གཞན་དག

    གོང་དུ་བརྗོད་པའི་སྔ་ལྟས་དེ་དག་ཕུད། གློ་མིག་ནང་ཆུ་འཛུལ་ནས་གློ་ལུ་བ་དང་། མིད་དཀའ་བ། གློ་བུར་དུ་ལུས་པོ་ཕྱེད་ཀ་སྦྲིད་པ། དཀའ་ལས་ཁ་བ། གཉིད་ལ་ཡུར་བ། རྣ་འུར་བ་སོགས་ནི་ཀླད་པའི་ཁྲག་རྩའི་ནད་ཀྱི་སྔ་ལྟས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།