ཀྲུང་ལུགས་གསོ་རིག་ལས“ནད་རིགས་མཐའ་དག་གི་རྐྱེན་རྩ་ནི་མཆིན་པ་ཡིན་”ཞེས་བརྗོད་ཀྱི་ཡོད། མཆིན་པ་ནི་མིའི་ལུས་ཀྱི་དུག་སེལ་དབང་པོ་ཆེ་ཤོས་ཡིན་ཞིང་། མཆིན་པའི་ནང་དུག་རྒྱུ་ཕུང་གསོག་ཐེབས་ཚེ། ལུས་ཀྱི་དོན་ལྔ་སྣོད་དྲུག་ལ་གནོད་སྲིད། དེར་བརྟེན་དུས་རྒྱུན་རང་གི་ལུས་ལ་གཤམ་གྱི་ནད་རྟགས་འདི་དག་ཐོན་ཚེ་ངེས་པར་དུ་བརྟག་དཔྱད་བྱེད་དགོས། གང་ཡིན་ཟེར་ན་ནད་རྟགས་འདི་དག་ལས་མཆིན་པར་ནད་ཡོད་མེད་རྟོགས་ཐུབ།
1.གཉིད་མི་ཁུག་པའམ་ཡང་ན་གཉིད་ཡག་པོ་མི་ཁུག་པ་དང་། ལྷག་པར་དུ་མཚན་མོའི་ཆུ་ཚོད་1པོ་ནས་3པའི་བར་ལ་གཉིད་གཡེར་བ།
2.གདོང་གཤིས་སྐྱོ་བ་དང་ངོ་གདོང་ལ་ཐོར་པ་དོན་པ་མ་ཟད། ཤ་ཁེབས་དོན་པ།
3.སྐྲ་ལ་ཞག་ཚི་འཁོར་བ་དང་སྐྲ་མང་པོ་བུད་པ།
4.ཁ་ཏིག་བྲོ་བ་དང་ཁ་དྲི་ངན་པ།
5.མིག་སྐམ་ཤས་ཆེ་བ་དང་ཟ་འཕྲུག་ལངས་པ། དེ་བཞིན་མིག་གི་མཐའ་འཁོར་ནག་པོར་གྱུར་པ།
6.གཅིན་པའི་མདོག་དམར་སེར་དང་གྲོད་པ་བཤལ་བ། དེ་བཞིན་བཙོག་པ་འགགས་པ།
7.ལག་མཐིལ་དམར་པོར་གྱུར་པ་དང་། སེན་མོར་རི་མོ་དོན་པ།
8.གང་ཡིན་འདི་ཡིན་མེད་པར་དཔུང་པ་གཡས་པ་དང་གྲོད་པའི་གཡས་སྟེང་ལ་ན་ཟུག་གཏོང་བ།