དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-01

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་11ཚེས་30ཉིན་ནས་ཟླ་12ཚེས་6ཉིན་བར)

    གཟའ་ཟླ་བར་ཉིང་ཁྲིར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

    གཟའ་ལྷག་པ་དང་ཕུར་བུར་ཉིང་ཁྲི་དང་ལྷོ་ཁའི་ཤར་ལྷོའི་རྒྱུད་དུ་གངས(ཆར་པ)ཆུང་བ་འབབ་རྒྱུ། མཐོ་གྲང་རི་ཁུལ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ཆབ་མདོ་དང་གཞིས་རྩེའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གངས་སིམ་སིམ་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་སྤེན་པར་ནག་ཆུའི་ཤར་རྒྱུད་དང་། ཉིང་ཁྲི་དང་ཆབ་མདོར་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་འཁོར་འདིའི་ནང་མངའ་རིས་དང་། ནག་ཆུ། གཞིས་རྩེའི་ལྷོ་རྒྱུད་བཅས་ལ་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.ས་བབ་མཐོ་བའི་ལམ་དུམ་དུ་གངས་གསོག་དང་འཁྱགས་པ་ཐེབས་སླ་བས་འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་ཁ་ལོ་བས་འགྲིམ་འགྲུལ་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས།

    2. ནག་ཆུ་དང་། མངའ་རིས། གཞིས་རྩེའི་ལྷོ་རྒྱུད་བཅས་ལ་ལྷགས་པ་ཆེན་པོ་རྒྱག་རྒྱུ་ཡིན་པས་དེ་ལས་ཤུགས་རྐྱེན་ཐེབས་པར་དོགས་ཟོན་བྱེད་དགོས་ལ། རྩྭ་ཐང་དང་ནགས་ཚལ་གྱི་མེ་ཟོན་ལས་དོན་ལའང་ཤུགས་སྣོན་རྒྱག་དགོས།

    3. གངས་བབས་རྗེས་དྲོད་ཚད་མངོན་གསལ་དོད་པོས་ཆག་རྒྱུ་ཡིན་པས་འབྲོག་ཁུལ་གྱིས་ཕྱུགས་ཟོག་ལ་དྲོ་བཅོས་ཡག་པོ་བྱེད་དགོས། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས་མང་ཚོགས་ཚོས་ཐོན་སྐྱེད་དང་འཚོ་བའི་ཁྲོད་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ་དུས་ཐོག་ཏུ་གྱོན་ཆས་མཐུག་ཏུ་བཏང་ནས་དྲོ་བཅོས་ཡག་པོ་བྱས་ཏེ་ཆམ་པ་སོགས་ནད་ཡམས་མི་ཕོག་པ་བྱེད་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།