དབུ་ཤོག>གསར་འགྱུར།
  • ཁྲེན་ཡུང་ཆི“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ལྟ་སྦྱོང་སྤེལ་རེས་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-27

    ཉེ་ཆར། ལྗོངས་ཡོངས་ཀྱི“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ལྟ་སྦྱོང་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་བོད་སྐྱོར་རུ་དཔོན་དང་གྲོང་ཁྱེར་དང་ས་གནས་ཁག་གི་རྩ་འཛུགས་པུའི་འགན་འཁུར་བློ་མཐུན་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ནི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་གྱི་གསར་གཏོད་གཞན་ཞིག་རེད། གྲོང་ཁྱེར་དང་ས་ཁུལ་ཁག་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་དམ་པོར་དམིགས་པ། “ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་གྱི་ནང་དོན་གནད་ལ་འཁེལ་བའི་ངང་གོ་བ་ལེན་པ་དང་ཁོང་དུ་ཆུད་པ། “འགན་འཁྲི་གསུམ་དང་ཕན་ཐོགས་གཅིག”གི་འཕེལ་རྒྱས་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ། “ལུགས་མཐུན་དང་། མངོན་འགྱུར། རྒྱུན་མཐུད། གདེང་འཇོག”བཅས་མཐའ་འཁྱོངས་བྱེད་པ། བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་པའི་འཁྱེར་སོ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་སེམས་བཅས་ཀྱི་སྒོ་ནས“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ལས་དོན་ཏན་ཏིག་བསྒྲུབས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གནད་སྨིན་དང་ཚན་རིག་དང་མཐུན་པའི་སྒོ་ནས“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ཀྱི་གཙོ་གནད་ཟུང་འབྲེལ་དང་ཁྱོན་ཡོངས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། ངེས་གནས་འཚོལ་བ། དམིགས་ཚད་ལས་འགན་ལེགས་སྒྲིག་བཅས་བྱས་ཏེ་ལས་དོན་གྱི་དམིགས་སའི་རང་བཞིན་ཤུགས་ཆེར་གཏོང་དགོས། དམ་འཛིན་བྱ་གཞི་གནད་ལ་འཁེལ་བ་བྱས་ཏེ། དགེ་མཚན་ཆེ་རིགས་འདོན་སྤེལ་དང་། འདུ་ཤེས་གསར་འབྱེད་ལ་ཤུགས་སྣོན་རྒྱག་པ། ལག་རྩལ་སྒྱུར་བཀོད་ལ་ཤུགས་སྣོན་རྒྱག་པ། ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ཏེ་ཤེས་ལྡན་མི་སྣས་རོགས་ཁྲིད་བྱེད་པའི་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། གཞི་རྟེན་བཙལ་འཚོལ་བྱས་ཏེ་བཟོ་ལས་གླིང་ཁུལ་དང་། ཡུལ་སྐོར་མཛེས་ལྗོངས། ཁྱད་ལྡན་ཐོན་ལས། ས་ཁོངས་གལ་ཆེན། གཙོ་གནད་ལས་རིགས་བཅས་ལ་དམིགས་ནས་གནད་སྨིན་ཅན་གྱི་རོགས་སྐྱོར་བྱེད་པ་དང་གནད་དོན་དངོས་ཐག་གཅོད་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ལད་མོ་དང་ཁྱབ་གདལ་རུང་བའི་ཉམས་མྱོང་འགྲུབ་རྒྱུར་འཚོལ་ཞིབ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།