འདི་ལོའི་ཟླ་9པ་ནས་བཟུང་། མངའ་རིས་ས་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ“མི་རིགས་མཐུན་སྒྲིལ་ཟླ་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་རྒྱུ་དེ་གནས་བབ་གལ་ཆེན་དུ་བཞག་པ་དང་། རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཚན་པའི་ལས་བྱེད་པ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཚོགས་འདུའི་དགོངས་དོན་དང་། 《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》སོགས་ལ་སློབ་སྦྱོང་བྱས་ཏེ་བྱེད་སྒོའི་རྣམ་པ་འཁྲུག་པོ་ཞིག་བཏོད་ཡོད།
མངའ་རིས་ས་ཁུལ་འཛུགས་གཏོད་གཞུང་ལས་ཁང་གིས་ཉེ་དུས་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ཏེ“མི་རིགས་མཐུན་སྒྲིལ་ཟླ་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ལས་དོན་བཀོད་སྒྲིག་བྱས་ཤིང་། ཚོགས་འདུའི་ཐོག་གཅིག་ནས་ས་ཁུལ་འཛུགས་གཏོད་གཞུང་ལས་ཁང་གིས《མངའ་རིས་ས་ཁུལ་གྱིས“མི་རིགས་མཐུན་སྒྲིལ་ཟླ་བ་ལོ་30འཁོར་བར”རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ལག་བསྟར་ཇུས་གཞི》དུས་ཐོག་ཏུ་དཔར་ནས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་འགྲེམ་དགོས་པ་དང་། གཉིས་ནས《ཇུས་གཞིའི》དུས་ཚོད་ཀྱི་མཚམས་ཚིགས་ལྟར་བཀོད་སྒྲིག་དང་། དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤེལ་བའི་བྱེད་སྒོར་དུས་ཐོག་ཏུ་རྗེས་སྙེག་གནས་ཚུལ་སྤེལ་གཏོང་བྱས་ནས་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཡོང་བ་བྱེད་དགོས་ཞེས་བསྟན་པ་རེད།
མངའ་རིས་ས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས“ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ལས་ཁུངས་གཏོད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོ་དེར་གཙོ་བོ་མི་རིགས་ཀྱི་ཁྱད་ལྡན་ཞིམ་ཟས(ཁྱད་ལྡན་བོད་ཟས་དང་། ཇ་མངར་མོ། ནས་ཆང་སོགས་ཚུད)ལ་མྱོང་རོལ་རེ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་ཆེད་དོན་འཆད་ཁྲིད་རེ་གཉེར་བ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུ་རེ་ཉན་པ།“ཀྲུང་གོ་གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཡག”ཅེས་བརྗོད་དོན་གཙོ་བོར་བྱས་པའི་གླུ་གར་བྱེད་སྒོ་རེ་གཉེར་བ། “ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བའི”མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་ཅེས་པའི་གཏམ་རྒྱུད་ཐུང་ངུ་ཁག་གཅིག་བརྗོད་པ་བཅས་ཕྱོགས་ལྔར་དམིགས་ནས་སྤེལ་བ་རེད།
སྤུ་ཧྲེང་རྫོང་གི་གྲོང་ཚོ(གྲོང་ལྷན)ཁག་གིས“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བ་དང་མི་རིགས་མཐུན་སྒྲིལ་ཟླ་བ་ལོ་30འཁོར་བར་རྟེན་འབྲེལ་ཞུ་བ”བརྗོད་དོན་གཙོ་བོར་བྱས་ནས་སྒྲོག་འགྲེལ་བྱེད་པ་དང་། རྒྱལ་དར་སྒྲེང་བ། ཏང་ཞུགས་དམ་བཅའ་བསྐྱར་དྲན། རིག་རྩལ་སྐོང་འཁྲབ་དང་ལུས་རྩལ་བྱེད་སྒོ་སོགས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པ་གཉེར་ཞིང་། ཡིད་དབང་འཕྲོག་པའི་ལེ་ཚན་རེ་རེ་ལས་སྤུ་ཧྲེང་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འབུངས་ཡར་བརྩོན་དང་གསར་འབྱེད་གསར་གཏོད་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པ་མ་ཟད། གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། སྒྱུར་བཅོས་སྒོ་དབྱེ་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ་བཅས་ཀྱི་སྤོབས་སེམས་ཀྱང་འཕེལ་བ་རེད།