2013ལོ་ཚུན་དུ། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཉིང་ཁྲིའི་ཞིང་ཁམས་ཞིང་འབྲོག་ཕྱོགས་བསྡུས་ཚད་ཡོད་ཀུང་སིས། མུའུ་3200ཟིན་པའི་ས་མཐོའི་ཀུ་ཤུའི་ཐོན་ལས་གླིང་བསྐྲུན་པ་དང་། ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་ལ་བརྟེན་ནས་ཀུ་ཤུའི་སོན་གསོ་སྤེལ་དང་། ཀུ་ཤུ་འདེབས་འཛུགས། ཀུ་ཤུ་ཕྱིར་འཚོང་། ལྡུམ་རར་དོ་དམ། ལག་རྩལ་མཛུབ་ཁྲིད་སོགས་བྱས་པ་བརྒྱུད་ཞིང་པ་མང་ཚོགས་500ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་པ་རེད། འདི་ནི་ཉེ་ཆར་བོད་ཀྱི་ཉིང་ཁྲིའི་ཞིང་ཁམས་ཞིང་འབྲོག་ཕྱོགས་བསྡུས་ཚད་ཡོད་ཀུང་སིའི་ལས་མིས་ལས་སྣོན་བཟོ་གྲྭར་ཀུ་ཤུ་དབྱེ་བ་འབྱེད་བཞིན་པ།