དབུ་ཤོག
  • ​ཞོགས་པ་ལངས་མ་ཐག་གི་གོམས་གཤིས་ངན་པ་འདི་དག་ཡིན་གཅིག་སྤོང་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-11-24

    དགུན་དུས་གནས་གཤིས་གྲང་བས། ལུས་པོར་གཅེས་སྤྲས་བྱེད་རྒྱུ་དེ་ཞོགས་པ་ཡར་ལངས་མ་ཐག་ནས་འགོ་འཛུགས་དགོས། གཤམ་གྱི་གོམས་གཤིས་འདི་དག་གིས་གཟུགས་པོར་གནོད་སྲིད་པས་ཅིས་ནས་སྤོང་དགོས་འདུག

    ཧོབ་སྟེ་ལངས་རྒྱུ་མེད། མི་ཁ་ཤས་ཀྱིས་ཞོགས་པ་ཆུ་ཚོད་ཀྱི་ཐིར་སྒྲ་གྲགས་མ་ཐག ཧོབ་སྟེ་ཡར་ལངས་ཀྱི་ཡོད། གཉིད་ཁུག་དུས་ཁྲག་ཤེད་ཅུང་དམའ་རུ་འགྲོ་བ་དང་། གཉིད་སད་སྐབས་ཁྲག་ཤེད་ལམ་སེང་འཕར་གྱི་ཡོད། ལྷག་པར་དུ་ཁྲག་ཤེད་མཐོ་པོ་ཡོད་མཁན་འགའ་ཞིག་ཞོགས་པ་ཁྲག་ཤེད་ཧ་ཅང་མཐོ་པོ་ཆགས་ཀྱི་ཡོད་པས། གལ་སྲིད་ཧོབ་སྟེ་ལངས་བ་དང་སྒུལ་སྐྱོད་ཆེ་དྲགས་ན་ཁྲག་ཤེད་གློ་བུར་དུ་རྒྱས་ཏེ་ཀླད་ཁྲག་འདྲེས་ཉེན་ཆེན་པོ་ཡོད། ཡང་དག་པའི་བྱེད་སྟངས་ནི། གཉིད་སད་རྗེས་མིག་གདངས་ནས་སྐར་མ་གཉིས་ཉལ་བ་དང་དེ་ནས་སྐར་མ་གཉིས་ཙོག་བུར་སྡོད་པ། དེ་རྗེས་ཉལ་ཁྲིའི་ཟུར་དུ་སྐར་མ་གཅིག་བསྡད་རྗེས་དལ་གྱིས་ལངས་དགོས།

    བཙོག་པ་གཏོང་དུས་ཤུགས་ཆེ་དྲགས་རྒྱུ་མེད། ཞོགས་པ་ཁྲག་ཤེད་མཐོ་པོ་ཡོད་པས། དབུགས་སྒོམ་ནས་བཙོག་པ་བཙིར་ན་ཁྲག་ཤེད་དེ་བས་འཕར་འགྲོ་གི་ཡོད། སྔོ་ཚལ་རིགས་དང་ཤིང་ཏོག་ངང་ལག་མང་ཙམ་བཟས་ན་བཙོག་པ་འབབ་སླ་པོ་ཡོད།

    ཞོགས་པ་ཁྲག་གར་ཙམ་ཡོད་པས་ཁྲག་རྡོག་ཆགས་སླ། དེས་ན་ཡར་ལངས་རྗེས་ཆུ་གྷི་ལ་སི་གང་བཏུངས་ན་ཁྲག་སླ་རུ་ཕྱིན་ཏེ་གྲིབ་སྐྱོན་དང་སྙིང་ཁྲག་འགག་པའི་ནད་ཕོག་ཚད་ཆུང་དུ་འགྲོ་སྲིད།

    ཞག་ཚིལ་ཆེ་བ་དང་ཚྭ་མང་དྲགས་རྒྱུ་མེད། སྲེག་ཟས་སོགས་ནི་ཞག་ཚིལ་མང་བའི་བཟའ་རིགས་ཡིན་པས། གལ་སྲིད་མང་དྲགས་ན། འཕར་རྩ་མཁྲེགས་གྱུར་གྱི་ནད་ཚབས་ཆེ་རུ་འགྲོ་གི་ཡོད། ཞོགས་ཟས་ལ་འོ་མ་གྷི་ལ་སི་གང་ངམ་ཡང་ན་འབྲས་ཐུག་ཕོར་པ་གང་དང་། ཉིན་གཉིས་རེར་སྒོ་ང་རྡོག་བཙོས་གཅིག་དང་། ཤིང་འབྲས། སྔོ་ཚལ་རིགས་ཕྲན་ཙམ་བཟས་ན་ཡག་པོ་ཡོད།

    ཞོགས་པ་སྔ་པོ་ལངས་ནས་གྲོད་པ་སྟོང་པར་ལུས་སྦྱོང་བྱེད་མི་ཉན། དགུན་དུས་ཁང་པའི་ཕྱི་ནང་གྱི་དྲོད་ཚད་ཧེ་བག་ཆེ་བས། མི་ཁག་གཅིག་གིས་ཞོགས་པ་སྔ་པོ་ནས་ཕྱི་ལ་ལུས་སྦྱོང་བྱེད་ཀྱི་ཡོད། གལ་ཏེ་ཁྲག་ཤེད་མཐོ་པོ་ཡོད་ན་ཀླད་པའི་ཁྲག་རྩའི་ནད་ཕོག་ཉེན་ཆེན་པོ་ཡོད། དེར་བརྟེན། དགུན་དུས་ལུས་སྦྱོང་གི་དུས་ཚོད་ཡག་ཤོས་ནི་སྔ་དྲོའི་ཆུ་ཚོད་9པ་ནས་11པའི་བར་དང་། ཡང་ན་ཕྱི་དྲོའི་ཆུ་ཚོད་2པ་ནས་4པའི་བར་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།