དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-24

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ།(2020ལོའི་ཟླ་11ཚེས་23ཉིན་ནས་ཚེས་29ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་མངའ་རིས་དང་། གཞིས་རྩེའི་ལྷོ་ནུབ་རྒྱུད། ཉིང་ཁྲི་དང་ཆབ་མདོའི་བྱང་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་ལྷག་པ་དང་ཕུར་བུར་མངའ་རིས་ལ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ་དང་། དེའི་ནང་རྩྭ་མདའ་དང་སྤུ་ཧྲེང་གི་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་གངས་འབྲིང་བ་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་ལ་སྤྲིན་པ་མང་པོ་འཁོར་ནས་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་པ་སངས་དང་སྤེན་པར་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོ་བཅས་ལ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ནག་ཆུའི་དབུས་ཤར་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་གངས་ཆུང་བ་འབབ་རྒྱུ། ལྷ་ས་དང་ལྷོ་ཁའི་གཙང་པོ་རྒྱུག་ཁུལ་དུ་སྤྲིན་པ་མང་པོ་འཁོར་ནས་གངས་སིམ་སིམ་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ། གངས་བབས་རྗེས་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ།

    གཟའ་འཁོར་འདིའི་ནང་མངའ་རིས་དང་། ནག་ཆུ། གཞིས་རྩེ་བཅས་ཀྱི་ལྷོ་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ། གཞིས་རྩེ་དང་། ལྷ་ས་དང་ལྷོ་ཁའི་གཙང་པོ་རྒྱུག་ཁུལ་དུ་ཐོལ་རླུང་རིམ་པ་5ཡས་མས་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་འདིའི་ནང་བོད་ལྗོངས་སུ་གངས་མ་ཆར་འབབ་པའི་གནམ་གཤིས་བསྟན་ནས་ས་བབ་མཐོ་བའི་ལམ་དུམ་དུ་གངས་གསོག་དང་འཁྱགས་པ་ཐེབས་སླ་བས་འགྲོ་འོང་བྱེད་མཁན་རླངས་འཁོར་གྱིས་འགྲིམ་འགྲུལ་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས།

    2.ནག་ཆུ་དང་། མངའ་རིས། གཞིས་རྩེ་བཅས་ཀྱི་ལྷོ་རྒྱུད་དུ་ལྷགས་པ་ཆེན་པོ་རྒྱག་རྒྱུ་ཡིན་པས་ཤུགས་རྐྱེན་ངན་པ་ཐེབས་པར་དོགས་ཟོན་བྱེད་དགོས་ལ། རྩྭ་ཐང་དང་ནགས་ཚལ་གྱི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

    3. གངས་བབས་རྗེས་དྲོད་ཚད་མངོན་གསལ་དོད་པོས་ཆག་རྒྱུ་ཡིན་པས་འབྲོག་ཁུལ་གྱིས་ཕྱུགས་ཟོག་ལ་དྲོ་ཇུས་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།