ད་ཆ་སྤྱི་ཚོགས་འགན་སྲུང་གཱ་ཡི་ནུས་པ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། དེས་སྨན་བཅོས་དང་སྨན་ཉོ་བ་ཕུད་ད་དུང་རྒན་གསོའི་ཐོབ་ཐང་ལེན་པ་དང་། སྤྱི་སྤྱོད་རླངས་འཁོར་གྱི་བདལ་གླ་སྤྲོད་པ་སོགས་བྱེད་ཆོག ཐ་ན་སྤྱི་ཚོགས་འགན་སྲུང་གི་ལས་སྒོ་མི་ཉུང་བ་ཞིག་ལ“སྤྱི་ཚོགས་འགན་སྲུང་གཱ”ཡོད་ན་གཱ་གཅིག་གིས་འགྲོ་ལུགས་ཚང་མ་གཉེར་ཐུབ།
ཉེ་དུས། མི་མང་པོ་ཞིག་གིས་ན་སོ་དར་ལ་མ་བབས་པའི་མིའི་སྤྱི་ཚོགས་འགན་སྲུང་གཱ་ཇི་ལྟར་གཉེར་བ་དང་། ལེན་པ། སྤྱོད་པ་བཅས་ཀྱི་ཐད་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གཤམ་དུ་ང་ཚོས་ན་སོ་དར་ལ་མ་བབས་པའི་མིའི་སྤྱི་ཚོགས་འགན་སྲུང་གཱ་བཟོ་བའི་འབྲེལ་ཡོད་གོ་རིམ་དང་། ད་དུང་སྤྱི་ཚོགས་འགན་སྲུང་གཱ་ཡི་མཉམ་ལས་དངུལ་ཁང་ཁག་གིས་ན་སོ་དར་ལ་མ་བབས་པའི་མིའི་སྤྱི་ཚོགས་འགན་སྲུང་གཱ་ཡི་དོ་དམ་བྱ་ཚུལ་དང་བླང་བྱ་གང་ཡོད་མེད་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཡོད།

སྤྱི་ཚོགས་འགན་སྲུང་གཱ་ལ་སྤྱོད་གོ་ཆེན་པོ་དེ་འདྲ་ཡོད་ན་ན་སོ་དར་ལ་མ་བབས་པའི་མི་ལ་གཱ་ཇི་ལྟར་བཟོ་དགོས་སམ།
ཁམས་བཟང་། བཀའ་འདྲི་ཞུ་རྒྱུར་ངའི་ཕྲུ་གུར་སྤྱི་ཚོགས་འགན་སྲུང་གཱ་ཇི་ལྟར་གཉེར་དགོས་སམ།
ཁམས་བཟང་། ཁྱེད་རང་གི་ཕྲུ་གུའི་ཐེམ་ཁུངས་བོད་ནས་ཡིན་ནམ་ཡང་ན་ཡུལ་གཞན་ནས་ཡིན་ནམ།
ངའི་ཕྲུ་གུའི་ཐེམ་ཁུངས་ཡུལ་གཞན་ནས་རེད། ཡིན་ནའང་བོད་ཀྱི་འགན་བཅོལ་ནང་ཞུགས་ཡོད།
ཐེམ་ཁུངས་བོད་ནས་ཡིན་པའི་གྲོང་མིའམ་ཡང་ན་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ཐེམ་ཁུངས་རང་ལྗོངས་སུ་མེད་པའི་མི་སྣས་བོད་ཀྱི་སྤྱི་ཚོགས་འགན་སྲུང་གཱ་རེ་ཞུ་བྱེད་ཆོག
ལོ་16མན་གྱི་ན་སོ་དར་ལ་མ་བབས་པའི་མིར་གཱ་བཟོ་བའི་བརྒྱུད་རིམ།
ལྟ་སྐྱོང་བྱེད་མཁན་གྱིས་སྐད་འཕྲིན་སྤྱི་རྟགས“བོད་ཀྱི་སྤྱི་ཚོགས་འགན་སྲུང་གཱ”ལ་དོ་ཁུར་བྱས་ཏེ“ལས་སྒྲུབ་ཚོམས་ཆེན”ནས“ངའི་ཁྱིམ་ཚང”དང“ཁྱིམ་ཚང་གི་ཁོངས་མི་སྣོན་པ”བཅས་སུ་འཛུལ་དགོས།
དེ་ནས་འཚོལ་བསྡུའི་བརྒྱུད་རིམ་གཞིར་བཟུང་ཆ་འཕྲིན་འཚོལ་བསྡུ་བྱེད་དགོས།
ཆ་འཕྲིན་འཚོལ་བསྡུ་བྱས་རྗེས་དེ་མུར་གཱ་བཟོ་ཆོག
ཆ་འཕྲིན་འཚོལ་བསྡུ་བྱས་རྗེས། གཱ་བཟོ་བའི་བརྒྱུད་རིམ་ལ་སླེབས་པ་དང་། གཱ་བཟོས་ཚར་རྗེས་མཉམ་ལས་དངུལ་ཁང་ཁག་གིས་ཁྱེད་ལ་གོ་ཆོད་ལག་ཁྱེར་ཁྱེར་ནས་དངུལ་ཁང་དུ་གཱ་ལེན་པར་ཡོང་དགོས་པ་དང་ཆབས་ཅིག དངུལ་རྩའི་གོ་ཆོད་ཀྱི་འགྲོ་ལུགས་གཉེར་དགོས་པའི་བརྡ་ཐོ་གཏོང་གི་ཡོད།

