ད་ལྟ་གནམ་གཤིས་གྲང་དུ་སོང་བའི་ཁར་ཉི་མའང་ཐུང་དུ་ཕྱིན་པས། མི་རྣམས་ཕྱིར་དོན་པར་འཚེར་སྣང་བྱེད་ཀྱི་ཡོད། དེར་བརྟེན། ནམ་དུས་དེའི་རིང་གཟུགས་པོར་འགུལ་སྐྱོད་ཉུང་བས། ལུས་སེམས་གཉིས་ཀར་མ་སྐྱིད་པ་ཡོང་གི་ཡོད། དེ་དང་ཆབས་ཅིག བྱིས་པ་དང་། རྒན་རྒོན། ལུས་སྟོབས་ཞན་པ་སོགས་ལ་ནད་གཞི་འདྲ་མིན་སྣ་ཚོགས་ཕོག་སླ་རུ་འགྲོ་གི་ཡོད། དེར་བརྟེན། ནམ་དུས་འདིར་ང་ཚོས་གཤམ་གྱི་གནད་དོན་དེ་རིགས་ལ་དོ་སྣང་མང་ཙམ་བྱེད་དགོས།
1. ཐ་མག་འཐེན་མི་རུང་།གལ་སྲིད་ཁྱེད་རང་ཐ་མག་མ་འཐེན་མཁན་ཞིག་ཡིན་ཕྱིན། ཐ་མག་འཐེན་མཁན་དང་མཉམ་དུ་ཉུང་ཙམ་སྡོད་དགོས།
2. རྣམ་ཀུན་ཤིང་ཏོག་དང་སྔོ་ཚལ་མང་ཙམ་ཟ་དགོས་པ་ལས། ཞག་ཚིལ་རིགས་ཉུང་ཙམ་ཟ་དགོས།
3. རྟག་ཏུ་ལུས་རྩལ་རྩེ་དགོས།ལུས་སྦྱོང་གིས་གཟུགས་པོ་བདེ་རུ་འགྲོ་བ་མ་ཟད། བདེ་མ་ཐང་མའི་གཟུགས་པོ་ཞིག་ཀྱང་སྦྱིན་ཐུབ།
4. ཆང་རག་ཉུང་ཙམ་དང་ཚད་རན་པོ་ཞིག་འཐུང་རྒྱུ་ནི་གལ་ཆེ།
5. ངལ་གསོ་འདང་ངེས་ཤིག་རྒྱག་དགོས།ཉིན་ལྟར་ཆུ་ཚོད་8ངལ་གསོ་རྒྱག་དགོས་པ་མ་ཟད། ཞོགས་པ་སྔ་ཙམ་ལངས་བ་དང་དགོང་མོ་སྔ་ཙམ་ཉལ་ཚེ་དེ་བས་ལེགས།
6. ཁྲག་ཤེད་ཚད་རན་པོ་ཡོང་ཐབས་བྱེད་དགོས།ནམ་དུས་འདིར་མི་རྣམས་ཀྱིས་གཟུགས་པོར་དྲོད་སྐྱེས་ཆེད་ཤ་ཟ་རྒྱུར་ཧ་ཅང་དགའ་པོ་ཡོད། ཡིན་ནའང་ཟ་རྒྱུ་མང་ན་ནད་ཡིན་ཞེས་པའི་དཔེ་ལྟར། ཟ་ཚོད་རན་པོ་ཞིག་དགོས་རྒྱུ་ནི་གལ་ཤིན་ཏུ་ཆེ། ལྷག་པར་དུ་ཁྲག་ཤེད་མཐོ་པོ་ཡིན་ན་དེ་བས་དོ་སྣང་མང་ཙམ་བྱེད་དགོས།
7. དགུན་དུས་སུ་གྲང་ངར་ཆེ་བས། ཕྱིར་འཆམ་འཆམ་དུ་འགྲོ་བ་དང་ལུས་སྦྱོང་བྱེད་པའི་བསམ་པ་ཉུང་ཞིང་། འགྲོ་འདོད་དེ་ཙམ་མེད་པས་རིམ་བཞིན་ཤ་རྒྱགས་སུ་འགྲོ་གི་ཡོད་པ་མ་ཟད། ནད་རིགས་མང་པོ་ཞིག་གིས་ཀྱང་ཁྱེད་རང་འཚོལ་གྱི་ཡོད། དེར་བརྟེན་གཟུགས་པོར་བརྟག་དཔྱད་དང་སྔོན་ཁབ་རྒྱག་རྒྱུ་གལ་ཆེན་པོ་རེད།