གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར། ཟླ་11ཚེས་1ཉིན་ནས་བཟུང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གླིང་ཁ་ཤང་གླིང་ཁ་གྲོང་ཚོའི་རྒྱ་མོ་རྔུལ་ཆུའི་རོང་གི་རྒྱལ་ལམ་318ཀྱིK3692+400(དཔའ་ཤོད་རྫོང་གྲོང་གི་སྤྱི་ལེ་36སར་ཡོད་པ)རང་བྱུང་གནོད་འཚེས་གཏོར་སྐྱོན་ཕོག་པ་སླར་གསོའི་ལས་གྲྭ་དང་ཡུར་ཟམ་གསར་པ་བསྐྲུན་རྒྱུ་རེད།
ཨར་སྐྲུན་བྱ་ཡུལ་གྱི་ལམ་དུམ་གུ་དོག་ཅིང་འགྲོ་སྐྱོད་དཀའ་བས། ཨར་སྐྲུན་བྱེད་རིང་འགྲོ་འོང་བྱེད་པར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ལྡན་ཡོད། ས་གནས་དེ་གའི་འགྲིམ་འགྲུལ་སྡེ་ཚན་དང་གྲོས་བསྡུར་བྱས་པ་བརྒྱུད། ལམ་དུམ་དེར་ཡུར་ཟམ་སྐྲུན་རིང་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་ཐག་བཅད་པ་རེད།
བཀག་སྡོམ་དུས་ཚོད་ནི། ཟླ་11ཚེས་1ཉིན་ནས་ཟླ་11ཚེས་30ཉིན་བར་ཡིན་ཞིང་། ཉིན་རེའི་ཆུ་ཚོད་07∶30—10∶00དང་། 11∶30—14∶00 15∶30—18∶00བཅས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པ་དང་། དེ་མིན་དུས་ཚོད་ནང་རྒྱུན་གཏན་བཞིན་འགྲོ་སྐྱོད་བྱེད་ཆོག