གསར་འགོད་པར་ཅི་ལིན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པ་ནས་ཤེས་རྟོགས་བྱུང་བར། ཅི་ལིན་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག བོད་ལྗོངས་ཧུ་ཕིན་ཚན་རྩལ་ཚད་ཡོད་ཀུང་སིས་ལོ་5རིང་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད། བར་ཐག་རིང་བའི་ཚོར་སྐྱེན་ཚ་སྣོན་ལག་རྩལ་དང་། བར་ཐག་རིང་བའི་སྐུད་མེད་གློག་འདོན་ལག་རྩལ། ཚོར་ཤེས་ཚོད་འཛིན་ལག་རྩལ་བཅས་སྤྱད་ནས་ཧུ་ཕིན་ས་མཐོའི་ཧུའུ་ཞིབ་བཟོ་བྱས་ཏེ་ས་བབ་མཐོ་ཚད་སྨི་6000མན་གྱི་ས་མཐོའི་ས་ཁུལ་དུ་ཆུ་འཁོལ་ཚེག་ཧྲེ་ཧྲི་ཏུའུ་101བར་སླེབས་ནས“ཆུ་ཡག་པོ་ཁོལ་མི་ཐུབ་པའི”གནད་དོན་ཐག་གཅོད་བྱས་པ་རེད།
བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་པའི་དབང་གིས་ས་མཐོའི་དམའ་གནོན་གྱི་ཤུགས་རྐྱེན་ལས་ཆུ་ཆ་སྙོམས་འཁོལ་ཚེག་ཧྲེ་ཧྲི་ཏུའུ་83ལས་སླེབས་ཐུབ་ཀྱི་མེད་པ་དང་། དེས་ན་ཕྲ་ཕུང་ནད་དུག་ཕལ་ཆེ་བ་དང་དེ་བཞིན་ཟགས་ཁུའི་དུག་རྒྱུ་གཞན་དག་གིས་ཚ་བར་ཚོར་སྐྱེན་རྣོ་བས། ཧྲེ་ཧྲི་ཏུའུ་100དང་ཐ་ན་དེ་ལས་མཐོ་བའི་དྲོད་ཚད་ལ་བརྟེན་ཚེ་གཞི་ནས་འབུ་ཕྲ་མེད་པར་བཟོ་ཐུབ་ཀྱི་ཡོད།
ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་སྣེ་ཁྲིད་མཁན་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཨུ་ཧུང་གིས་ས་མཐོའི་ཧུའུ་དང་དེ་བཞིན་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རབ་དང་རིམ་པའི་ཐོན་ལས་ཅན་གྱིས། བོད་མིའི་བཟའ་བཏུང་གི་བདེ་འཇགས་ལེགས་སུ་དང་འཚོ་བའི་མ་གནས་ཆུང་དུ་བཏང་བ་དང་ཆབས་ཅིག འདྲ་བཟོ་ཆོག་པ་དང་། ཁྱབ་གདལ་གཏོང་ཆོག་པ། རྒྱུན་སྲིང་འཕེལ་རྒྱས་གཏོང་ཆོག་པ་བཅས་ཀྱི་མ་དཔེ་དངོས་བཏོད་ནས་ལས་ཞུགས་ལས་གནས་100ཡན་ཐད་ཀར་མང་དུ་གཏོང་ཐུབ་ཀྱི་རེད་ཅེས་བརྗོད་པ་རེད།