གསར་འགོད་པར་རང་སྐྱོང་ལྗོངས་རིམ་མཐོའི་གཞུང་ལམ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། G4219ལམ་ཐིག་གི་བསྐལ་ལ་ཕུག་ལམ་ལ་བདག་སྐྱོང་བྱེད་དགོས་པས། སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་མོས་མཐུན་བྱས་པ་བརྒྱུད། ཟླ་10ཚེས་29ཉིན་ནས་བཟུང་བསྐལ་ལ་ཕུག་ལམ་གྱི་གཞོགས་གཅིག་བཀག་སྡོམ་བྱས་ནས་ཨར་ལས་བྱ་རྒྱུ་དང་ལས་ཡུན་ཉིན་40ཡིན་པ་རེད།(ཟླ་10ཚེས་29ཉིན་ནས་ཟླ་12ཚེས་7ཉིན་བར)

ཨར་སྐྲུན་བྱེད་རིང་། རླངས་འཁོར་འགྲོ་སྐྱོད་དལ་བ་སོགས་ཀྱི་སྣང་ཚུལ་ཐོན་སྲིད་པས། འགྲོ་འོང་བྱེད་མཁན་འཁོར་རིགས་དང་འགྲུལ་པ་ཚོས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས། འགྲིམ་འགྲུལ་གྱི་མཚོན་རྟགས་དང་ལམ་ཐིག་ལྟར་སྐྱོད་དགོས་ལ། ལས་སྒྲུབ་མི་སྣའི་ལས་ཡུལ་དངོས་ཀྱི་བཀོད་འདོམས་དང་ཁྲིད་སྟོན་ལ་ཉན་ནས་བདེ་འཇགས་དང་ཡ་རབས་ངང་འགྲོ་སྐྱོད་བྱེད་དགོས།