དབུ་ཤོག>གསར་འགྱུར།
  • ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-10-28

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་སྨན་བཅོས་རིགས་གཅིག་མཁས་ཅན་ཕྱིར་ལོག་སྐབས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་ཞི་རང་གྲོང་ཚོའི་བོད་རིགས་མང་ཚོགས་པད་མ་སྒྲོལ་མའི་མིག་ཟུང་མཆི་མས་བརླན་པར་གྱུར། ཁོང་གིས་རིགས་གཅིག་མཁས་ཅན་གྱི་ལག་ནས་དམ་པོར་འཇུས་ཏེ་ཐུགས་རྗེ་ཆེ་ཡང་ཡང་ཞུས།

    མེ་ཏོག་རྫོང་ལ“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་བརྗོད་པ་དང་2013ལོར་རྫོང་གྲོང་དུ་གཞི་ནས་གཞུང་ལམ་ཤར་གཏོང་ཐུབ་ཡོད། པད་མ་སྒྲོལ་མ་སྡོད་སའི་ཞི་རང་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་གྲོག་རོང་དུ་གནས་པས་མང་ཚོགས་ཕྱིར་སྨན་བཅོས་བྱེད་པར་སྐྱོད་སྐབས་སྟབས་བདེ་པོ་གཏན་ནས་མེད།

    2019ལོའི་ཟླ་7པར་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་བཅའ་སྡོད་བྱས་རྗེས། དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་ལྟེ་བར་གཏན་འཁེལ་བྱས་ནས་ཟླ་བ་གཅིག་གི་དུས་ཚོད་ནང་མེ་ཏོག་རྫོང་གི་ཤང་དང་གྲོང་རྡལ་ཚང་མར་བསྐྱོད་པ་རེད།

    “གཞི་རིམ་དུ་བསྐྱོད་རིམ་བཞིན་མེ་ཏོག་གི་མི་སེར་ཚོས་སྨན་བཅོས་ཞབས་ཞུའི་ཆུ་ཚད་སྔར་ལས་མཐོ་བར་རེ་སྒུག་ཆེན་པོ་བྱེད་པ་དེ་ཚོར་ཐུབ་ཀྱི་འདུག”ཅེས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་མེ་ཏོག་རྫོང་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་མེ་ཏོག་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཡེ་མིན་ཅན་གྱིས་དེ་ལྟར་བཤད། མང་ཚོགས་ཕྱིར་སྨན་བཅོས་བྱེད་པར་སྐྱོད་སྐབས་སྟབས་བདེ་མེད་པས་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་སྨན་བཅོས་ཞབས་ཞུ་ཧུར་ཐག་བསྒྲུབས་ཡོད། ཧྥོ་ཧྲན་གྲོང་ཁྱེར་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་སྔ་རྗེས་སུ་བོད་སྐྱོར་རིགས་གཅིག་མཁས་ཅན་མི་ཐེངས་19མེ་ཏོག་རྫོང་དུ་བཅའ་སྡོད་རོགས་སྐྱོར་བྱེད་པར་མངགས་ནས་ཟླ་རེར་སྐོར་སྐྱོད་ནད་བརྟག་སྨན་བཅོས་དང་ཕྱིར་སྐྱོད་འོས་འགན་སྨན་བཅོས་ཐེངས་རེ་བྱེད་པར་འགྲོ་ཡི་ཡོད། འོས་འགན་སྨན་བཅོས་བྱེད་ཐེངས་རེར་གྲོང་ཚོའི་ནང་དུས་ཆེན་གཏོང་བ་ལྟར་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་ཅེས་ཡེ་མིན་ཅན་གྱིས་ངོ་སྤྲོད་བྱས།

    ལོ་གཅིག་ལྷག་ཙམ་རིང་། བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཁྲག་ཤེད་མཐོ་བའི་ནད་དང་གྲུམ་བུའི་ནད་སོགས་རྒྱུན་མཐོང་གི་ནད་ལ་ཕན་པའི་སྒོར་ཁྲི་2ལྷག་ཙམ་རི་བའི་སྨན་སྤྲད་པས། ཞིང་འབྲོག་མང་ཚོགས་མི་ཐེངས་600ལྷག་ཙམ་ལ་ཕན་ཐོགས་བྱུང་ཡོད།

    དེང་སྐབས། འབྲས་སྤུངས་ཤང་གི་འཕྲོད་བསྟེན་ཁང་གསར་པ་དེ་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག་སྐྲུན་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་འདི་ལོའི་ལོ་ནང་དུ་སྤྱོད་འགོ་ཚུགས་རྒྱུ་ཡིན་པས། མང་ཚོགས་ཀྱིས་རྒྱུན་མཐོང་ནད་གཞི་བཅོས་པར་ལ་བརྒལ་ཀླུང་བརྒལ་བྱེད་དགོས་ཀྱི་མེད། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་མེ་ཏོག་རྫོང་ལས་དོན་ཚོགས་ཆུང་གིས་མེ་ཏོག་རྫོང་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གཉིས་པ”གཏོད་པའི་གོ་སྐབས་དང་བསྟུན་ནས། བོད་ཀྱི་ཐག་རིང་ལུང་ཁུག་གི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་དང་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་སོགས་ཀྱི་བྱེད་ཐབས་བརྒྱུད་ས་གནས་དེ་གའི་མང་ཚོགས་ལ་ཕན་ཐོགས་ཡོད་པའི་སྨན་བཅོས་དཔུང་ཁག་ཅིག་གསོ་སྐྱོང་ཐུབ་པའི་བརྩོན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།