ཟླ་10ཚེས་23ཉིན་གསར་འགོད་པར་བོད་ལྗོངས་ཁུན་ཐའེ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། དེ་བཞིན་ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་བཅས་ཀྱི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཀུང་སི་དེས་ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་ཀྱི་ལས་གྲྭ་འཛུགས་སྐྲུན་བྱེད་བཞིན་ཡོད།

ཅང་སུའུ་ཤར་ལམ་དུ་ཕྱོགས་བསྡུས་གདོང་ལམ་ཨར་ལས་བྱེད་བཞིན་པ།
བོད་ལྗོངས་ཁུན་ཐའེ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅུང་ལི་གཞོན་པ་བསམ་བསྟན་གྱིས་ངོ་སྤྲོད་བྱས་དོན། ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་ཀྱི་ལས་གྲྭ་དེ་ས་འོག་གདོང་ལམ་ཕྱོགས་བསྡུས་སྒྱུར་བཀོད་ཀྱི་ལམ་དུམ་བདུན་དང་འབྲེལ་བ་ཡོད་པ་ནི། ཅང་སུའུ་ཤར་ལམ་གྱི་ལམ་དུམ(བོད་ལྗོངས་སློབ་ཆེན་ལམ་ནས་སྐུ་འབུམ་ཐང་ལམ་བར)དང་། གསང་ཡིབ་ལམ་དུམ(ཚེས་གསུམ་ཐང་ལམ་ནས་གྲོང་སྐོར་བྱང་ལམ་བར)ཚེས་གསུམ་ཐང་ལམ་དུམ(ཆུ་མིག་ལམ་ནས་དོག་སྡེ་ལམ་བར)རྒྱ་མཚོ་ལམ(ཀླུ་ལྡིངས་ལམ་ནས་མི་རིགས་ལམ་བར་དང་། པེ་ཅིང་དཀྱིལ་ལམ་ནས་རྒྱ་མཚོ་ལམ་བར)ཉང་བྲན་ལམ་དུམ(བོད་ལྗོངས་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་ནས་གྲོང་སྐོར་བྱང་ལམ་བར)ཆུ་མིག་ལམ་དུམ(ཚེས་གསུམ་ཐང་ལམ་ནས་འདམ་ར་ལམ་བར)ནོར་སྟོད་ཤར་ལམ(ཀླུ་ལྡིངས་ལམ་ནས་མི་རིགས་ལམ་བར)བཅས་ཡིན། དེའི་ནང་གཙོ་བོ། ཆར་ཆུ་དང་བཙོག་ཆུ་འབུད་པའི་གདོང་ལམ་དང་། ལམ་ངོས་སྒྱུར་བཀོད། མི་འགྲུལ་ལམ་སྒྱུར་བཀོད། ཕྱོགས་བསྡུས་གདོང་ལམ། འགྲིམ་འགྲུལ་ལས་གྲྭ་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་ཚུད་ཡོད།

ཚེས་གསུམ་ཐང་ལམ་དུ་ཕྱོགས་བསྡུས་གདོང་ལམ་འཛུགས་སྐྲུན་བྱེད་བཞིན་པ།

ཅང་སུའུ་ཤར་ལམ་དུ་ཕྱོགས་བསྡུས་གདོང་ལམ་ཨར་ལས་བྱེད་བཞིན་པ།
བསམ་གཏན་གྱིས་ངོ་སྤྲོད་བྱས་དོན། ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་ཀྱི་ལས་གྲྭ་གཙོ་བོ་གཞུང་ལམ་10དང་འབྲེལ་བ་ཡོད་པ་སྟེ། འདམ་ར་ལམ་དུམ(ཀླུ་ལྡིངས་ལམ་ནས་དོག་སྡེ་ལམ་བར)དང་། རྔ་ཆེན་ལམ་དུམ(ཅང་སུའུ་ཤར་ལམ་ནས་གཙང་འགྲམ་ལམ་བར)ཅང་སུའུ་ལམ་ཆེན་གྱི་ལམ་དུམ(ལྕང་གྲོང་ལམ་ནས་སྒང་ཁོག་ལམ་བར)རྭ་ཁ་ཆུ་འཁོར་ལམ་དུམ(མཐུན་སྒྲིལ་ལམ་ནས་བོད་ལྗོངས་སློབ་ཆེན་ལམ་ཆེན་བར)ལྕང་གྲོང་ལམ་དུམ(རྔ་ཆེན་ལམ་ནས་བོད་ལྗོངས་སློབ་ཆེན་ལམ་བར)པེ་ཅིང་དཀྱིལ་ལམ་ལམ་དུམ(ཀླུ་ལྡིངས་ལམ་ནས་བདེ་སྐྱིད་ལམ་བར)མི་རིགས་ལམ་དུམ(པེ་ཅིང་དཀྱིལ་ལམ་ནས་ནོར་སྟོད་ཤར་ལམ་བར)རྒྱ་མཚོ་ལམ་དུམ(པེ་ཅིང་དཀྱིལ་ལམ་ནས་མི་རིགས་ལམ་བར)ནོར་སྟོད་ཤར་ལམ་ལམ་དུམ(ཀླུ་ལྡིངས་ལམ་ནས་མི་རིགས་ལམ་བར)ཀླུ་ལྡིངས་ལམ་དུམ(པེ་ཅིང་དཀྱིལ་ལམ་ནས་བཅིངས་འགྲོལ་ནུབ་ལམ་བར)བཅས་ཡིན།

ཨར་ལས་མི་སྣས་འབར་རླངས་གདོང་ལམ་གྲལ་བཤེར་བྱེད་བཞིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་ཀྱི་ལས་གྲྭ་དེ་གཞུང་ལམ་བདུན་གྱི་ས་འོག་གདོང་ལམ་ཕྱོགས་བསྡུས་སྒྱུར་བཀོད་དང་མི་འགྲུལ་ལམ་10རིམ་སྤོར་སྒྱུར་བཀོད་དང་འབྲེལ་བ་ཡོད་པ་དང་། སྔོན་དཔག་བྱས་ན། སང་ལོའི་ཟླ་6པར་ལས་མཇུག་ཡོངས་སུ་འགྲིལ་རྒྱུ་རེད།