དབུ་ཤོག
  • མི་དང་མིའི་དབར་གྱི་འབྲེལ་བའི་བར་ཐག་ཁོང་དུ་ཡང་དག་ཇི་ལྟར་ཆུད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-26

    སེམས་ཁམས་ཞིབ་འཇུག་ལས་མངོན་པར། མི་དང་མིའི་དབར་གྱི་འགྲོ་འོང་ཐད་བར་ཐག་ངེས་ཅན་ཞིག་འཇོག་དགོས་ཤིང་། མི་གང་རུང་ཞིག་ལ་ཆ་མཚོན་ན་རང་ཉིད་ཀྱི་ཉེ་འཁོར་དུ་རང་ཉིད་ལ་དབང་བའི་འཁོར་རྒྱ་ཞིག་ཡོད་དགོས། རང་ཉིད་ཀྱི་འཁོར་རྒྱ་དེར་གནོད་འཚེ་ཕོག་ཚེ་སྐྱིད་པོ་མེད་པ་དང་། བདེ་འཇགས་མེད་པ། ཐ་ན་ཁོང་ཁྲོ་ཡང་ལངས་ཀྱི་ཡོད། དུས་ཡུན་རིང་པོ་འགོ་ཁྲིད་བྱེད་མྱོང་བའི་མིར་ཆ་མཚོན་ན། འགྲོ་འོང་གི་འཁོར་རྒྱ་དེར་སྟངས་འཛིན་ཡང་དག་ཐུབ་པ་བྱས་ཚེ་རང་ཉིད་ཀྱི་དབང་གྲགས་སྔར་བས་ལེགས་པ་འཕེལ་ཐུབ་ལ་གཤམ་འོག་གི་མི་དང་འབྲེལ་བ་ནུས་ལྡན་བྱ་རྒྱུར་ཡང་སྟབས་བདེ་སྐྲུན་ཐུབ།

    སེམས་ཁམས་རིག་པ་མཁས་ཅན་གྱིས་མིག་སྔའི་མི་དང་མིའི་དབར་གྱི་འབྲེལ་བའི་འཁོར་རྒྱ་གཙོ་བོ་གཤམ་གསལ་ཁག་ལ་དབྱེ་ཡོད་དེ།

    1.བར་ཐག་ཉེ་པོ།

    ཉེ་རིགས(སྨི་0.15) གཅེས་སྐྱོང་དང་། འཛིང་རེས། སེམས་གསོ། སྲུང་སྐྱོང་བཅས་ཆེད་བཞག་པའི་བར་ཐག་ལ་ཟེར།

    ཅུང་ཉེ་རིགས(སྨི་0.15ནས་0.45བར) མཁོ་དུས་འཕྲལ་མར་ཐོན་ཐུབ་པའི་བར་ཐག་ནི་འབྲེལ་བ་ཅུང་ལེགས་པའི་རོགས་ཟླའི་དབར་གྱི་བར་ཐག་དེ་རེད་ལ། མི་ཚོགས་ཀྱིས་ཁེངས་པའི་གློག་འཁོར་ནང་གི་མི་དང་མིའི་དབར་གྱི་བར་ཐག་དེ་ཡང་རེད།

    2.ཁེར་རྐྱང་གི་བར་ཐག

    ཉེ་རིགས(སྨི་0.45ནས་0.75བར) འཐམ་འཁྱུད་དང་ཕར་ཕྱོགས་ཟིན་ཐུབ་པའི་བར་ཐག་དེ་ཡིན་ཞིང་། ཕར་ཕྱོགས་ཀྱི་རྣམ་འགྱུར་བལྟས་པ་ཙམ་གྱིས་མཐོང་ཐུབ་པ་དེ་རེད། བཟའ་ཟླའི་དབར་བར་ཐག་དེ་ལྟ་བུ་ལྡན་པ་ནི་རྒྱུན་གཏན་ཞིག་རེད།

    ཅུང་ཉེ་རིགས(སྨི་0.75ནས་1.20བར) འདི་ནི་ཕྱོགས་གཉིས་ཀས་ལག་པ་བརྐྱངས་ཚེ་རེག་ཐུབ་པའི་བར་ཐག་དེ་ཡིན་ཞིང་། དེ་ནི་ཕར་ཕྱོགས་ལ་རེ་བ་འདོན་སྐབས་དགོས་ངེས་ཀྱི་བར་ཐག་ཅིག་རེད།

    3.སྤྱི་ཚོགས་ཀྱི་བར་ཐག

    ཉེ་རིགས(སྨི་1.20ནས་2.10བར)འདི་ནི་གཟུགས་པོས་རེག་མི་ཐུབ་པའི་བར་ཐག་དེ་ཡིན་ཞིང་། ལས་དོན་སྒྲུབ་སྐབས་ལས་རོགས་དབར་གྱི་བར་ཐག་དེ་རེད། བར་ཐག་དེ་རྒྱུན་འཁྱོངས་བྱས་ཚེ་ཡ་རབས་ལྡན་པ་ཞིག་ཏུ་གྱུར་ཐུབ།

    ཅུང་རིང་རིགས(སྨི་2.10ནས་3.60བར) འདི་ནི་ལས་དོན་སྒྲུབ་བདེ་བར་དམིགས་པའི་བར་ཐག་དེ་ཡིན་ཞིང་། ལས་ཀ་བྱེད་སྐབས་མིའི་ཤུགས་རྐྱེན་ཕོག་མི་སྲིད་ལ་མི་གཞན་ལའང་རྙོག་དྲ་བཟོ་མི་སྲིད།

    4.སྤྱི་དམངས་ཀྱི་བར་ཐག

    ཉེ་རིགས(སྨི་3.60ནས་7.50བར) གལ་ཏེ་སྨི་4ཙམ་གྱི་བར་ཐག་རྒྱུན་འཁྱོངས་བྱས་ཚེ་སྐད་ཆ་ཤོད་རེས་བྱེད་མཁན་དབར་གནས་ཚུལ་མང་དག་ཅིག་ལྡན་པའམ་ཡང་ན་སེམས་ཁམས་ཐད་ཐག་གཅོད་དང་སྤེལ་རེས་ཀྱང་བྱེད་དགོས་པ་གསལ་བཤད་བྱེད་ཀྱི་ཡོད།

    ཅུང་རིང་རིགས(སྨི་7.50ཡན) འདི་ནི་གཏམ་བཤད་བྱེད་སྐབས་ཀྱི་བར་ཐག་དེ་རེད།

    འོ་ན་མི་དང་མིའི་དབར་འགྲོ་འོང་བྱེད་པར་བར་ཐག་ག་ཚོད་འཇོག་དགོས་སམ། རིགས་གཅིག་མཁས་ཅན་གྱིས་གྲོས་འགོ་བཏོན་པར། དང་ཐོག་ཁྱེད་རང་གིས་འབྲེལ་བ་བྱེད་པའི་མི་དང་དེ་བཞིན་དམིགས་ཡུལ་གང་ཡིན་པ་གསལ་པོ་ཤེས་དགོས། དཔེར་ན་ཁྱེད་རང་གིས་གཞུང་ལས་ཁང་དུ་གཤམ་འོག་གི་ལས་མིས་ལས་ཀར་འཛིན་པའི་ལྟ་སྟངས་ཤེས་རྟོགས་བྱེད་དགོས་ཚེ་ནུས་ལྡན་གྱི་བར་ཐག་ནི་སྨི་1.2ནས་2.1བར་ཡིན་དགོས། བར་ཐག་དེ་རིགས་ཀྱིས་ཁྱེད་ཀྱི་ལས་རིགས་དང་ལས་གནས་ཀྱི་དབང་གྲགས་རང་བཞིན་མངོན་ཐུབ་ལ། གཤམ་འོག་གི་ལས་མིས་ཁྱེད་རང་ལ་བརྩི་འཇོག་དང་དད་གུས་བྱེད་ཐུབ། བར་ཐག་ཉེ་དྲགས་ཚེ་གཤམ་འོག་གི་ལས་མི་འཚེར་སྣང་སྐྱེ་སྲིད། བར་ཐག་རིང་དྲགས་ཚེ་གཤམ་འོག་གི་ལས་མིས་ཁྱེད་རང་གིས་ཁོང་ཚོའི་ལས་ཀའི་འཇོན་ཐང་ལ་ཡིད་ཆེས་དང་ཁས་ལེན་བྱེད་པ་ཚོར་མི་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།