དབུ་ཤོག
  • འཁོར་བདག་ཚོ། འདིར་གཏམ་བཟང་ཞིག་འདུག གཟིགས་དང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-10-21

    微信图片_20201021112047.jpg

    དེ་རིང་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་ཚོགས་ཆུང་བཞི་པར(ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡི་ཤར་ཕྱོགས་ཀྱི་སྨི་100ཡི་སར)གནས་པའི་བོད་ལྗོངས་ལིང་ཧྥུང་ཞིབ་དཔྱད་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་ཡོད་པ་རེད།

    བོད་ལྗོངས་ལིང་ཧྥུང་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ལྟེ་གནས་ཀྱི་གཉེར་སྐྱོང་ཁྱབ་ཁོངས་སུ་གཙོ་བོར། འཁོར་རིགས་ཀྱི་མཇུག་རླངས་འབུད་གཏོང་ཞིབ་དཔྱད་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་བདེ་འཇགས་ནུས་པ་ཞིབ་དཔྱད། འཕྲུལ་སྒུལ་འཁོར་རིགས་ཀྱི་བདེ་འཇགས་ནུས་པར་ཕྱོགས་བསྡུས་ཞིབ་དཔྱད་བཅས་ཚུད་ཡོད། 

    མིག་སྔར། ལྷ་ས་གྲོང་ཁྱེར་དུ་འཕྲུལ་སྒུལ་འཁོར་རིགས་ལ་ཞིབ་བཤེར་དང་ཞིབ་དཔྱད་བྱ་ཆོག་པའི་ཀུང་སི་ཁྱོན་ལྔ་ཡོད་པ་སྟེ། ལྷ་ས་ཁང་ཏཱ་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ལྟེ་གནས་དང་། བོད་ལྗོངས་དབྱི་ཁྲེང་འཁོར་རིགས་ཞིབ་དཔྱད་ལྟེ་གནས། ལྷ་ས་ཧུང་ཧྥ་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ས་ཚིགས། ཆུ་ཤུར་ཅིན་ཤིང་རླངས་འཁོར་ཞིབ་དཔྱད་ཚད་ཡོད་འགན་འཁྲི་ཀུང་སི། བོད་ལྗོངས་ལུང་ཧྥུ་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ལྟེ་གནས་བཅས་སོ། 

    བོད་ལྗོངས་ལིང་ཧྥུང་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ལྟེ་གནས་ནི་ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཕྱོགས་བསྡུས་ནུས་པའི་ཞིབ་དཔྱད་ལྟེ་གནས་ཆེ་ཤོས་དེ་ཡིན་ཞིང་། དེ་གར་འཁོར་རིགས་ཆུང་གྲས་བང་སྒྲིག་ས་4དང་། འཁོར་རིགས་ཆེ་གྲས(ཟོག་སྐྱེལ་རླངས་འཁོར)བང་སྒྲིག་ས་3ཡོད་པ་དང་། ཞིབ་དཔྱད་ཁང་པ་3ཡོད་པའི་ནང་མོ་ཊའི་ཕྱི་ངོས་ཞིབ་དཔྱད་བྱེད་ས་7དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཞིབ་དཔྱད་བྱེད་ས་10  (ཕྱོགས་བསྡུས)བདེ་འཇགས་ཞིབ་བཤེར་བྱེད་ས་6 སྦག་སྦག་ཞིབ་དཔྱད་བྱེད་ས་1བཅས་ཡོད་པ་དང་། ཉིན་རེར་ཞིབ་དཔྱད་བྱེད་ཚད་རླངས་འཁོར་300ཟིན་གྱི་ཡོད།

    འདི་གར་རྒྱ་ཆེའི་འཁོར་བདག་ཚོར་དོ་སྣང་བྱེད་དགོས་པའི་དོན་དག་ཁག་གཅིག་དང་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་བྱེད་སྐབས། དཔྱད་གཞི་གང་དག་འཁྱེར་དགོས་མིན་དྲན་སྐུལ་ཞུ་རྒྱུ་གཤམ་གསལ། 

    གཅིག འཕྲུལ་སྒུལ་འཁོར་རིགས་ཀྱི་ལག་ཁྱེར་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་བཙན་འདོམས་འགན་བཅོལ་གྱི་འདྲ་དཔེ(མིག་སྔའི་གོ་ཆོད་དུས་ཡུན་ནང་ཚུན་ཡིན་དགོས)འཁྱེར་དགོས། 

    གཉིས། འཁོར་བདག་གིས་འཁོར་རིགས་ལ་ལོ་བཤེར་མ་བྱས་གོང་། སྒྲིག་འགལ་ཡོད་རིགས་ཚང་མ་མེད་པར་བཟོ་དགོས། 

    གསུམ། འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་གྱི་བུ་ཤོག་གི་ངོས་སུ་ཡིག་པར་འདེབས་ས་ཡོད་མེད་ལྟ་དགོས་པ་དང་། གལ་ཏེ་ཡིག་པར་འདེབས་ས་མེད་ན། སྔོན་ལ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་རུ་ལག་ཁྱེར་བརྗེ་པོ་རྒྱག་པར་འགྲོ་དགོས། 

    བཞི། འགན་བཅོལ་འཛིན་ཡིག་ལ་ནོར་འཁྲུལ་ཡོད་མེད་ཞིབ་བཤེར་བྱེད་དགོས་པ་དང་། ལྷག་པར་དུ་རླངས་འཁོར་གསར་པར་ལོ་བཤེར་ཐེངས་དང་པོ་བྱེད་སྐབས། འགན་བཅོལ་འཛིན་ཡིག་ཐོག་གི་ཆ་འཕྲིན(ཨིན་ཇིའི་ཨང་རྟགས་དང་འཁོར་སྒྲོམ་གྱི་ཨང་རྟགས་སོགས)རླངས་འཁོར་གྱི་ལག་ཁྱེར་དང་གཅིག་པ་ཡིན་མིན་ལ་ལྟ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།