དབུ་ཤོག
  • ལམ་འདི་དག་བཀག་སྡོམ་བྱེད་མཁན་རེད་འདུག་པས། དོ་སྣང་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-10-20

    2020ལོའི་ཧི་མ་ལ་ཡ་སྒྲོལ་བའི་རྐང་འཁོར་མཐར་ཐུག་འགྲན་བསྡུར་སྐབས་གསུམ་པའི་འགྲིམ་འགྲུལ་བཀག་སྡོམ་སྤྱི་བསྒྲགས། 

    2020ལོའི་ཧི་མ་ལ་ཡ་སྒྲོལ་བའི་རྐང་འཁོར་མཐར་ཐུག་འགྲན་བསྡུར་སྐབས་གསུམ་པ་2020ལོའི་ཟླ་10ཚེས་21དང་22ཉིན་ལྷ་སར་གཉེར་རྒྱུ་ཡིན་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གཤམ་གྱི་ལམ་དུམ་དག་ལ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པ་སྟེ། 

    ཟླ་10ཚེས་21ཉིན།

    1.རྒྱལ་ལམ་318ཀྱི་མལ་གྲོ་གུང་དཀར་རྫོང་གི་ལམ་དུམ་ཧྲིལ་པོའི་ཕྱོགས་གཉིས་ཀ

    2.རྒྱལ་ལམ་318ཀྱི་སྟག་རྩེ་ཆུས་ཀྱི་ལམ་དུམ་ཧྲིལ་པོའི་ཕྱོགས་གཉིས་ཀ

    3.སྟག་རྩེ་ཆུས་བདེ་ཆེན་ལམ་ཧྲིལ་པོ། 

    4.ཁྲོན་བོད་གཞུང་ལམ(ལྷ་ཉིང་གཞུང་ལམ་གྱི་ཐོན་ས་དང་འཛུལ་ས་ནས་གྲོང་སྐོར་ལྷོ་ལམ་དང་གྲོང་སྐོར་བྱང་ལམ་གྱི་ལམ་མདོ་བར)གྱི་ཕྱོགས་རྐྱང་པ། 

    5.གྲོང་སྐོར་ལྷོ་ལམ(གྲོང་སྐོར་ལྷོ་ལམ་དང་གྲོང་སྐོར་བྱང་ལམ་གྱི་ལམ་མདོ་ནས་ཚེ་མཆོག་གླིང་ཟམ་ཆེན་ལྷོ་ངོས་ཀྱི་ལམ་མདོ་བར)གྱི་ཕྱོགས་རྐྱང་པ། 

    6.ཚེ་མཆོག་གླིང་ཟམ་ཆེན(གཞོགས་བྱང་གི་གཡས་ངོས་ནས་ཤར་ངོས་སུ་སྐོར་བ)གྱི་ལམ་དུམ་ཧྲིལ་པོ།

    7.གཙང་འགྲམ་ལམ། 

    8.ཧྲང་གཉའ་ལམ། 

    9.སྐུ་འབུམ་ཐང་ལམ། 

    10.བོད་ལྗོངས་སློབ་ཆེན་ལམ། 

    11.སྒང་ཁོག་ལམ། 

    ཟླ་10ཚེས་22ཉིན།

    1.སྒང་ཁོག་ལམ། 

    2.བོད་ལྗོངས་སློབ་ཆེན་ལམ། 

    3.སྐུ་འབུམ་ཐང་ལམ། 

    4.གཙང་འགྲམ་ལམ། 

    5.ལྷ་ཞབས་གླིང་ཕྲན། 

    6.ཉི་འོད་གླིང་ཕྲན་གྱི་གླིང་གཉིས་ཀྱི་ལམ་དུམ་ཧྲིལ་པོ། 

    7.ཉི་འོད་གླིང་ཕྲན་གྱི་ཟམ་པ་ནུབ་མ་ནས་ལྗོངས་དྲིལ་བསྒྲགས་པུའི་བར། 

    8.མཁར་རྔ་མདོང་ལམ་ཧྲིལ་པོ། 

    9.ལྗོངས་སྣེ་ལེན་ཁང་གཉིས་པ་ནས་མཆོད་རྟེན་དཀར་པོའི་བར། 

    10.ནོར་བུ་གླིང་ཁ་ལམ་གྱི་ཐེན་ཡུས་མགྲོན་ཁང་གི་ལམ་མདོའི་ཤར་ངོས་ནས་མཆོད་རྟེན་དཀར་པོའི་བར། 

    11.གཡག་སེར་པོའི་ལམ་མདོ་ནས་མཆོད་རྟེན་དཀར་པོའི་བར། 

    འགྲིམ་འགྲུལ་བཀག་སྡོམ་གྱི་དུས་ཚོད། 

    2020ལོའི་ཟླ་10ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་9:00ནས་བྱེད་སྒོ་མཇུག་མ་འགྲིལ་བར(ལམ་དུམ་དབྱེ་ནས་བཀག་སྡོམ་བྱ་རྒྱུ་ཡིན་པ)

    2020ལོའི་ཟླ་10ཚེས་22ཉིན་གྱི་སྔ་དྲོའི་ཆུ་ཚོད་8:30ནས་བྱེད་སྒོ་མཇུག་མ་འགྲིལ་བར(ལམ་དུམ་དབྱེ་ནས་བཀག་སྡོམ་བྱ་རྒྱུ་ཡིན་པ)

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས།

    2020ལོའི་ཟླ་10ཚེས་17ཉིན། 

    ཡིག་སྒྱུར། བདེ་སྐྱིད་དབང་མོ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།