མི་སྤྱི་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ད་ལོ་ནས་རྒན་ཡོལ་ཞུ་མཁན་ཚོས་སྤྱི་ཚོགས་འགན་སྲུང་གཱ་ནས་རྒན་གསོའི་དངུལ་ལེན་དགོས་ཀྱི་ཡོད།
འགན་སྲུང་ལ་ཞུགས་མཁན་ཚོས་སྤྱི་ཚོགས་འགན་སྲུང་གཱ་མགྱོགས་མྱུར་བཟོ་བར་སྟབས་བདེ་བསྐྲུན་ཏེ། “མང་ཤོས་ལའང་ཐེངས་གཅིག་ལས་འགྲོ་མི་དགོས་པ”མངོན་འགྱུར་ཡོང་ཆེད། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ངམ་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་མཐུན་སྦྱོར་བྱས་ནས། རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཚོམས་ཆེན་དུ་སྤྱི་ཚོགས་འགན་སྲུང་གཱ་འཕྲལ་མར་བཟོ་ས་བཙུགས་ཡོད་པ་དང་། རྒན་ཡོལ་ཞུ་བ་དང་སྤྱི་ཚོགས་འགན་སྲུང་གཱ་ཡི་ཆ་འཕྲིན“གཅིག་འཐུས་རྣམ་པ”ལ་བརྟེན་ནས་བསྡུ་རུབ་དང་། དུས་ཐོག་ཏུ་གཱ་བཟོ་བ། གཱ་གསབ་པ། གཱ་བརྗེ་བ། གཱ་ལེན་པ། གསང་ཨང་བརྗེ་བ། བསྐྱར་སྒྲིག་དང་ནུས་པ་སློང་བ་སོགས་ཀྱི་ལས་སྒོ་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཚོམས་ཆེན་ནས་གཉེར་ཆོག་གི་ཡོད་པས། རྒྱ་ཆེའི་འགན་སྲུང་ལ་ཞུགས་མཁན་ཚོས་ཕན་ཚུན་ལན་སྤྲོད་རོགས།
ད་ལྟ་གཱ་བཟོ་སའི་འབྲེལ་ཡོད་གནས་ཚུལ་སྤྱི་བསྒྲགས་གཤམ་གསལ།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་ཅུས་སུ་བཅའ་སྡོད་ཞིང་ལས་དངུལ་ཁང་གི་གཱ་བཟོ་སའི་གནས་ཚུལ་ཞིབ་ཕྲ།
གཱ་བཟོ་ཡུལ་གྱི་མིང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་ཚོམས་ཆེན་དུ་བཅའ་སྡོད་ཞིང་ལས་དངུལ་ཁང་གི་གཱ་བཟོ་ས།
ས་གནས། ལྷ་ས་པེ་ཅིང་ནུབ་ལམ་སྒོ་རྟགས་ཨང་46པ་སྤྱི་ཚོགས་འགན་སྲུང་ཅུས་ལས་གཉེར་ཚོམས་ཆེན་གྱི་སྐར་ཁུང་ཨང་15པའི་ཁ་སྤྲོད།
དུས་ཚོད། 9:30 — 13:00
15:30 — 18:00
ཁ་པར་ཨང་གྲངས། 0891 — 6865199
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་ཅུས་སུ་བཅའ་སྡོད་འཛུགས་སྐྲུན་དངུལ་ཁང་གི་གཱ་བཟོ་སའི་གནས་ཚུལཞིབ་ཕྲ།
གཱ་བཟོ་ཡུལ་གྱི་མིང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་ཚོམས་ཆེན་དུ་བཅའ་སྡོད་འཛུགས་སྐྲུན་དངུལ་ཁང་གི་གཱ་བཟོ་ས།
ས་གནས། ལྷ་ས་པེ་ཅིང་ནུབ་ལམ་སྒོ་རྟགས་ཨང་46པ་སྤྱི་ཚོགས་འགན་སྲུང་ཅུས་ལས་གཉེར་ཚོམས་ཆེན་གྱི་སྐར་ཁུང་ཨང་14པའི་ཁ་སྤྲོད།
དུས་ཚོད། 9:30 — 13:00
15:30 — 18:00
ཁ་པར་ཨང་གྲངས། 0891 — 6805433
སྤྱི་ཚོགས་འགན་སྲུང་གཱ་དང་གློག་རྡུལ་གྱི་སྤྱི་ཚོགས་འགན་སྲུང་གཱ་ཡི་འབྲེལ་ཡོད་གནས་ཚུལ་བློ་འདྲི་བྱེད་དགོས་ཚེ་ཁ་པར་ཨང་གྲངས་0891—12333ལ་བསྐྱོན་རོགས།