དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-13

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་10ཚེས་12ནས་ཚེས་18ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་། ས་བབ་དམའ་བའི་ཤང་དང་གྲོང་རྡལ་ཁ་ཤས་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་ལྷག་པ་ནས་པ་སངས་བར། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཐོལ་ཆར(གངས)འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

    གཟའ་མཇུག་ཏུ། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་། ས་བབ་དམའ་བའི་ས་ཆ་ཁ་ཤས་ལ་ཆར་པ་འབྲིང་བ་འབབ་རྒྱུ། ཆབ་མདོ་དང་ནག་ཆུའི་ཤར་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁ་ཤས་ལ་ཐོལ་ཆར(གངས)འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་འཁོར་འདིའི་ནང་ནག་ཆུ་དང་མངའ་རིས་ལ་ལྷག་པ་ཆེ་བ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། གཞིས་རྩེ་དང་། ལྷ་ས། ལྷོ་ཁ་བཅས་ཀྱི་གཙང་པོ་རྒྱུག་ཁུལ་དུ་ཐོལ་རླུང་རིམ་པ་4ཡས་མས་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བའི་ཆར་ཆུ་འབབ་ཚད་ཉུང་དུ་དང་དྲོད་ཚད་མཐོ་རུ་འགྲོ་རྒྱུ་ཡིན་པས་རྩྭ་ཐང་དང་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས།

    2.མངའ་རིས་དང་ནག་ཆུར་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་མངོན་གསལ་དོད་པས་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་ཀྱིས་འགྲིམ་འགྲུལ་དང་འབྲོག་ལས་ལ་ཤུགས་རྐྱེན་མི་ཕོག་པར་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།