དབུ་ཤོག
  • @ཁ་ལོ་བ་ཚོ། ལམ་དུམ་འདིའི་གཞོགས་གཅིག་ཟླ་བ་2ཙམ་བཀག་མཁན་རེད་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-09

    སྤྱི་བསྒྲགས།

    ལྷ་ས་གྲོང་དོན་གྱི་ས་འོག་ཆུ་ལམ་དང་རྐང་ཐང་ལམ་སོགས་སྒྱུར་བཀོད་ཀྱི་ལས་གྲྭའི་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ཟླ་10ཚེས་6ཉིན་ནས་བཟུང་། ཚེས་གསུམ་ཐང་ལམ་གྱི་ཉི་འོད་གཅིན་ཟགས་སྨན་ཁང་གི་ལམ་མདོ་ནས་ཆུ་མིག་ལམ་གྱི་ལམ་མདོ་བར་ལམ་གཞོགས་གཅིག་བཀག་ནས(ལས་ཡུན་ཟླ་བ་གཉིས་ལྷག་ཙམ)བཟོ་ཡི་ཡོད། དེར་བརྟེན་ལམ་དུམ་འདིར་འཁོར་རིགས་འགྲོ་སྐྱོད་འགོར་བ་དང་ལམ་འགག་པ་སོགས་ཀྱི་སྣང་ཚུལ་ཐོན་སླ་བས། རྒྱ་ཆེའི་ཁ་ལོ་བས་འགྲོ་སྐྱོད་ལམ་ཐིག་སྔ་སྣུར་ནས་གཏན་འཁེལ་དང་། ལམ་འདི་ནས་གཡོལ་གང་ཐུབ་བྱེད་པ། ལམ་དུམ་འདི་ཡིན་གཅིག་བརྒྱུད་དགོས་མཁན་གྱི་ཁ་ལོ་བས་ཨར་ལས་བྱ་ཡུལ་གྱི་མཚོན་རྟགས་དང་ལམ་སྟོན་བྱང་བུར་གཞིགས་ཏེ་སྐྱོད་དགོས་པ་མ་ཟད། ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་ཨར་ལས་མི་སྣའི་བཀོད་འདོམས་ལ་བརྩི་སྲུང་ཞུས་ནས། བདེ་འཇགས་དང་ཡ་རབས་ཚུལ་ལྡན་ངང་ཕྱིར་སྐྱོད་བྱེད་དགོས།








    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།