དབུ་ཤོག>གསར་འགྱུར།
  • ཆུ་གསུམ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-30

    ཁག་དགུ་པའི་གྲོང་སྡོད་ལས་དོན་སྤེལ་ཚུན། ཆུ་གསུམ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    དྲིལ་བསྒྲགས་སློབ་གསོར་དམ་འཛིན་ནན་པོ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཅིང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི་”དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་ཚོའི(གྲོང་ལྷན)ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ནང་དོན་ལ་དམིགས་ཏེ“གསར་བརྗེའི་མཚན་མོའི་སློབ་གྲྭ”དང་། ཏང་གི་སློབ་ཚན། གྲོང་མིའི་ཚོགས་ཆེན་སོགས་ཀྱི་རྣམ་པ་དང་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། མིག་སྔའི་བར། ཆུ་གསུམ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་ཐེངས་257བྱས་པ་དང་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་བསྡུར་ཐེངས་3སྤེལ་བ་དང་། བྱེད་སྒོའི་གཞི་རྟེན་ལ་དམ་འཛིན་ནན་པོ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ། གྲོང་ཚོའི(གྲོང་ལྷན)དངོས་ཡོད་གནས་ཚུལ་དང་མིག་སྔའི་ལས་དོན་ཟུང་འབྲེལ་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ། དཔེ་མཚོན་སྣེ་ཁྲིད་ལ་དམ་འཛིན་ནན་པོ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་བཏང་བ། ཉེ་འགྲམ་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་སྔོག་འདོན་གང་ལེགས་བྱས་ཏེ། ཉེ་འགྲམ་གྱི་གཏམ་རྒྱུད་ལ་བརྟེན་ནས་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྐུལ་ཁྲིད་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།