བྲག་ཡིབ་ཆུས་ཇོ་མོ་སྲང་ལམ་དོན་གཅོད་ཁྲུའུ་ཡི་གཉིས་བཀུར་ལམ་སྡེ་ཁུལ་ཏང་ཀྲི་པུས་ཉིང་ཁྲི་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ལས་ཁུངས་ཏང་ཀྲི་པུའུ་དང་མཉམ་དུ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ཉིང་ཁྲི་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ལས་བྱེད་ལས་བཟོ་དང་གཉིས་བཀུར་ལམ་དུ་བཅའ་སྡོད་སྡེ་ཁུལ་གྱི་ལས་དོན་རུ་ཁག་དང་དེ་བཞིན་ཁོངས་གཏོགས་ཁུལ་གྱི་དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་དང་། དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་ཡུགས་ཟ། བོད་རིགས་དང་རྒྱ་རིགས། ཧུའེ་རིགས། འཇང་རིགས། པའེ་རིགས་བཅས་ཀྱི་འཐུས་མི། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་20ཡི་མི་150ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་། གཉིས་བཀུར་ལམ་སྡེ་ཁུལ་གྱི་ལས་བྱེད་པས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་20ལ་དཀར་གཙང་མཇལ་དར་ཕུལ་བ་དང་ཁོང་ཚོར་འཚམས་འདྲིའི་དངུལ་སྤྲད་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་བློ་མཐུན་2ལ་གཟེངས་བསྟོད་བྱང་བུ་དང་གཟི་བརྗིད་མཚན་སྙན་ལག་ཁྱེར་ཡང་སྤྲད་པ་རེད། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་འཐུས་མི་རུའུ་ཁྲུན་ཧུའེ་ཡིས་སྡེ་ཁུལ་ལ་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་བྲིས་པའི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་ཡིག་གཟུགས་བརྩམས་ཆོས་སྤྲད་པ་རེད། སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་འཛུགས་སྲོལ་ཡིག》སྒྲོག་འགྲེལ་བྱས་པ་རེད།
གཞན་ཡང་། ཉིང་ཁྲི་གྲོང་ཁྱེར་གྱི་རྒན་ཡོལ་ཀྲི་པུའུ་གསུམ་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་། སློབ་ཆུང་སློབ་མའི་འཐུས་མི། གྲངས་ཉུང་མི་རིགས་ཀྱི་འཐུས་མི་བཅས་ཀྱིས་ས་གནས་ས་ཐོག་ཏུ་མི་རིགས་ཀྱི་གླུ་གར་དང་རོལ་ཆ་སོགས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས་གཉིས་བཀུར་སྡེ་ཁུལ་གྱི་མི་རིགས་ཁག་གི་ཁྱིམ་མཚེས་ཞི་མཐུན་དང་། ལྟ་རེས་སྐྱོང་རེས། མཐུན་སྒྲིལ་མཛའ་གྲོགས་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།