དབུ་ཤོག
  • ལུས་སྦྱོང་ཁང་གི་དར་སྲོལ་གསར་ཤོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-27

    ཟླ་9ཚེས་1ཉིན་གྱི་དམངས་ཡོངས་བདེ་ཐང་འཚོ་བ་སྐྱེལ་སྟངས་ཀྱི་བྱ་སྤྱོད་ཉིན་མོ། 2007ལོའི་ཟླ་9ཚེས་1ཉིན་འཕྲོད་བསྟེན་པུའུ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་དང་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ལུས་རྩལ་ཨུ་ལྷན་གཞུང་དོན་ཁང་། ཀྲུང་གོ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་བཅས་ཀྱིས“ངས་ཞི་མཐུན་ངང་འཚོ་བ་སྐྱེལ། བདེ་ཐང་གི་ཀྲུང་གོ་བ་བྱེད”ཅེས་པ་བརྗོད་དོན་གཙོ་བོའི“བྱ་སྤྱོད་སྤེལ། བདེ་ཐང་ཐོབ། སྤྲོ་སྣང་ལྡན”ཞེས་པ་འབོད་ཚིག་ཏུ་བྱས་ནས་དམངས་ཡོངས་ཀྱི་བདེ་ཐང་འཚོ་བ་སྐྱེལ་སྟངས་ཀྱི་བྱ་སྤྱོད་སྤེལ་བ་མ་ཟད། ལོ་རེའི་ཟླ་9ཚེས་1ཉིན“དམངས་ཡོངས་བདེ་ཐང་འཚོ་བ་སྐྱེལ་སྟངས་ཀྱི་བྱ་སྤྱོད་ཉིན་མོར”གཏན་འཁེལ་བྱས་པ་རེད།

    3 ཁུ་ཚུར་རྡུང་རྩལ།

    སྦྱོང་བརྡར་གྱི་དྲན་སྐུལ།

    ①ཁུ་ཚུར་རྡུང་རྩལ་ཁྲོད་ཀྱི་འགུལ་ཉམས་གང་ལའང་རྐེད་པ་དྲང་པོར་བསྲངས་ནས་ཤུགས་འདོན་དགོས་ཀྱི་ཡོད་པར་བརྟེན། རྐེད་པའི་ཤ་གནད་ལ་སྦྱོང་བརྡར་ཡག་པོ་ཐེབས་ཐུབ།

    ②ཁུ་ཚུར་རྡུང་རྩལ་སྦྱངས་ན་ལས་ཀའི་གནོན་ཤུགས་ཆུང་དུ་སོང་ནས་སེམས་སྡུག་སེལ་བར་ཕན།

    ③ཆུ་ཚོད་གཅིག་རིང་གི་ཁུ་ཚུར་རྡུང་རྩལ་ལས་ཚ་ནུས་ཁཱ་600ཟད་གྲོན་ཐུབ་པ་དང་། དེ་ཐང་མཛེས་ལུས་སྦྱོང་དང་བསྡུར་ན་ལྡབ་གཉིས་ཡིན།

    ④ཁུ་ཚུར་རྡུང་རྩལ་གྱིས་ཤ་གནད་ཀྱི་ཤེད་ཤུགས་ཆེ་རུ་འགྲོ་བ་དང་གཟུགས་པོ་ལྡེམ་མྱུར་ཡོང་བར་ཕན། ལུས་སྦྱོང་བྱེད་སྟངས་དེ་ལུས་སྦྱོང་ཁང་ཁག་ཏུ་དར་རྗེས་བུད་མེད་མང་པོའི་དགའ་བསུ་ཐོབ་ཡོད། ཁུ་ཚུར་རྡུང་རྩལ་ལ་མྱུར་ཚད་དང་ཤེད་ཤུགས་ཟུང་འབྲེལ་བྱེད་དགོས་པ་དང་། རྐེད་པ་དང་གྲོད་ཁོག་གི་ཤ་གནད་ཀྱི་ཤེད་ཤུགས་ཆེ་རུ་གཏོང་ཐུབ་ཁར་ཟླ་3རིང་རྒྱུན་མཐུད་ནས་སྦྱོང་བརྡར་བྱས་ན་ཕན་འབྲས་ཡག་པོ་ཐོན་ངེས་ཡིན།

    4 ལ་ཏིང་ཞབས་བྲོ།

    སྦྱོང་བརྡར་གྱི་དྲན་སྐུལ།

    ①ལ་ཏིང་ཞབས་བྲོ་འཁྲབ་ན་སེམས་ལྷོད་དུ་འགྲོ་བ་དང་གནོན་ཤུགས་སེལ་ཐུབ།

    ②ལ་ཏིང་ཞབས་བྲོ་ལས་གཟུགས་པོ་བདེ་ལྕག་འཁྱུག་པོ་ཡོང་ཐུབ།

    ③མི་རྣམས་ཀྱིས་ཞབས་བྲོ་འཁྲབ་སྐབས་གློ་སྙིང་གི་ནུས་པ་ལེགས་སུ་གཏོང་ཐུབ།

    ④རྐེད་པ་དང་། གྲོད་ཁོག དཔྱི་མགོ་སོགས་ལས་སྒྲུབ་པའི་གཟུགས་བྱད་ལ་ཕན།

    ལ་ཏིང་ཞབས་བྲོ་ནི་དམངས་ཁྲོད་ཀྱི་ཞབས་བྲོ་ཞིག་ཡིན། ཁོམ་གསེང་དུ་གང་འདོད་དུ་འཁྲབ་ཆོག་པའི་ཁྱད་ཆོས་ལྡན་པ་དང་། ལུས་སྦྱོང་ཁང་གི་ལ་ཏིང་ཞབས་བྲོ་ནི་སྤྱིར་བཏང་ལ་ཏིང་ཞབས་བྲོའི་སྟངས་སྟབས་དང་བརྩེ་དུང་གི་ཉམས་འགྱུར་སྦྱོང་བརྡར་ཁྲོད་མཚོན་པར་བྱས་ནས་མི་རྣམས་ཀྱི་སེམས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བ་དང་གཟུགས་བྱད་ཡག་ཏུ་གཏོང་བར་ཕན་ཐོགས་ཡོད།

    5 གྲོད་ཁོག་ཞབས་བྲོ།

    སྦྱོང་བརྡར་གྱི་དྲན་སྐུལ།

    ①གྲོད་ཁོག་ཞབས་བྲོས་རྐེད་པ་དང་། དཔྱི། རྐང་པ། བྲང་ག དཔུང་པ། མཇིང་པ་སོགས་ཀྱི་ཤ་གནད་སྦྱོང་བརྡར་བྱེད་ཐུབ་པ་དང་། དེ་བཞིན་རུས་ཚིགས་ལ་ཕན་གྱི་ཡོད།

    ②གྲོད་ཁོག་ཞབས་བྲོ་ལ་གཟུགས་བྱད་ཡག་ཏུ་གཏོང་བའི་ཕན་པ་ཡོད།

    གྲོད་ཁོག་ཞབས་བྲོ་འཁྲབ་ན་རྐེད་པ་ཕྲ་ཞིང་ལྡེམ་པར་འགྱུར་ཐུབ་ཁར་གཟུགས་བྱད་སྤྱིའི་ཆ་ནས་མཛེས་པར་བསྒྱུར་ཐུབ།

    རིགས་གཅིག་མཁས་ཅན་གྱི་དྲན་སྐུལ། མིག་སྔར་ལུས་རྩལ་འདི་དག་རྒྱུན་ཆད་མེད་པར་ཇེ་རྒྱས་ཇེ་ལེགས་སུ་གཏོང་བཞིན་པའི་སྐབས་ཡིན་པའི་ཕྱིར་ན། ལུས་སྦྱོང་མ་བྱས་གོང་རབ་བྱུང་ན་རྨང་གཞིའི་གསོ་སྦྱོང་ནང་ཞུགས་ཏེ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་རིགས་མི་ཐོན་པར་བྱེད་དགོས་གལ་ཆེ། 

    བདེ་ཐང་དང་འཚོ་བ།འདོན་ཐངས24

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་འབོར་དང་ལེགས་བཙའ་ལེགས་གསོ་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་ནས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།