དབུ་ཤོག>གསར་འགྱུར།
  • གངས་ལྗོངས་ས་མཐོར་གཞི་ཚུགས་ནས་མི་ཚེར་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས།

  • ཡོང་ཁུངས།  བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།   |     རྩོམ་པ་པོ།  སྤེན་སྒྲོལ།   |     སྤེལ་དུས།  2020-09-16

    ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“བོད་ཀྱི་ལས་བྱེད་པ་དང་ལས་བཟོར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ། གླ་ཕོགས་དང་། སྡོད་ཁང་། སྨན་བཅོས། བུ་ཕྲུག་སློབ་ཞུགས། ལས་འཁྱུར་བཀོད་སྒྲིག་སོགས་ཕྱོགས་གང་ཅིའི་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ་ཡག་པོ་བྱས་ནས། ཁོང་ཚོའི་ཕུགས་ཀྱི་སེམས་ཁྲལ་སེལ་དགོས་ལ། བདེ་ཐང་འགན་སྲུང་ལས་དོན་ལ་མཐོང་ཆེན་བྱས་ཏེ། ས་བབ་མཐོ་བའི་ས་ཁུལ་གྱི་སྨན་བཅོས་བདེ་སྲུང་གི་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་ནས། ཁོང་ཚོའི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས”ཞེས་བསྟན་གནང་ཡོད། འདིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་རྒྱུན་བཞིན་རྒྱ་ཆེའི་བོད་ཀྱི་ལས་བྱེད་པར་ཐུགས་ཁུར་ཚད་མེད་དང་བྱམས་སྐྱོང་ཟབ་མོ་གནང་བ་གང་ལེགས་མཚོན་ཡོད། 

    བློ་བརྟན་འགྱུར་མེད་ངང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས། དུས་རབས་གསར་པའི་བོད་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན། ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། བློ་བརྟན་འགྱུར་མེད་ངང་“གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་གོ་རྟོགས་དེ་བས་མཐོ་རུ་གཏོང་བ་བཅས”བྱེད་ཐུབ་པ། རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བའི་ཁྲོད་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། དུས་རབས་གསར་པའི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རླབས་རྒྱུན་གསར་པའི་ཁྲོད་རང་ཉིད་ཀྱིས་གངས་ལྗོངས་ས་མཐོར་མི་ཚེའི་རིན་ཐང་མངོན་འགྱུར་ཇི་ལྟར་བྱས་ན་ད་གཟོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་ཆུད་ཟོས་སུ་མི་འགྲོ་བ་བྱེད་ཐུབ་རྒྱུར་བསམ་བློ་ནན་ཏན་གཏོང་བ་བཅས་བྱེད་དགོས།  

    བདེ་སྐྱིད་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་ཡིན། དུས་རབས་གསར་པའི་བོད་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་དམིགས་ཚད་ལས་འགན་དེ་མངོན་འགྱུར་ཡོང་བ་བྱེད་དགོས། ལྷག་པར་དུ“བོད་སྐྱོད་པ་རྒན་གྲས”ཚོ་དང་འདྲ་བར་བོད་དུ་གཞི་ཚུགས་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དཀའ་སྤྱད་འབད་བརྩོན། རང་ཉིད་ལེགས་སྐྱེས་སུ་འབུལ་བ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། མཛུབ་སྟོན། མཆན་བཀོད་མཛུབ་སྟོན། འཕྲིན་ལན་བཅས་ཀྱི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཞིབ་ཚགས་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་མ་ཟད། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས། 

    གངས་ལྗོངས་ས་མཐོར་གཞི་ཚུགས་ནས་མི་ཚེར་ངོ་གནོང་མི་དགོས་པ་ཞིག་ཡོང་བ་བྱེད་དགོས། དུས་རབས་གསར་པའི་བོད་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན། ངེས་པར་དུ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས“ངེས་པར་དུ་སྒྲུབ་དགོས་པ་བཅུ”མཐའ་འཁྱོངས་བྱ་དགོས་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་ལ་ངོ་གནོང་མི་དགོས་པ་དང་། མེས་རྒྱལ་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་དུས་རབས་གསར་པའི་བོད་ཀྱི་ལས་བྱེད་པ་ཞིག་བྱེད་རྒྱུར་འབད་བརྩོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།