དབུ་ཤོག
  • ལྷ་ས་གྲོང་ཁྱེར་གྱི་མཁའ་ཟོན་ཉེན་བརྡ་ཚོད་སྒྲོག་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-09-15

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས》དང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས〉ལག་བསྟར་བྱེད་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་དགོངས་དོན་གཞིར་བཟུང་། རྒྱ་ཆེའི་གྲོང་མིའི་རྒྱལ་སྲུང་འདུ་ཤེས་དང་མི་དམངས་ཀྱི་མཁའ་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཁའ་ཟོན་ཉེན་བརྡ་ཚོད་ལྟའི་ངང་སྒྲོག་པའི་ཉིན་མོའི་ལམ་ལུགས་དོན་འཁྱོལ། མཁའ་ཟོན་ཉེན་བརྡའི་སྒྲིག་ཆས་ལ་ཞིབ་བཤེར་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་2020ལོའི་ཟླ་9ཚེས་19ཉིན་གྱི་ཆུ་ཚོད་12དང་སྐར་མ་0ནས་ཆུ་ཚོད་12དང་སྐར་མ་15ཡི་བར་མཁའ་ཟོན་ཉེན་བརྡ་གཏོང་བའི་གཏན་འཁེལ་བྱས་པ་ཡིན། གྲོང་མི་ཡོངས་དང་། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་ཀྱི་ཚོགས་པའི་རྩ་འཛུགས་བཅས་ཀྱི་མི་སྣ་ཡོངས་ཀྱིས་ཉེན་བརྡ་ཉན་ནས་དབྱེ་འབྱེད་ལ་དོ་སྣང་བྱས་ཏེ། ཉེན་བརྡ་མི་འདྲ་བའི་སྒྲ་དང་བརྡ་རྟགས་ཀྱི་ཁྱད་པར་ཤེས་པ་བྱེད་དགོས། མཁའ་ཟོན་ཉེན་བརྡ་སྒྲོག་སྐབས་དངངས་སྐྲག་བྱེད་དགོས་དོན་མེད། གྲོང་མིའི་ཐོན་སྐྱེད་དང་། ལས་ཀ སློབ་སྦྱོང་། སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་རྒྱུན་ལྡན་ལྟར་སྤེལ་ནས་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས།

    མཁའ་ཟོན་ཉེན་བརྡའི་བརྡ་རྟགས་མི་འདྲ་བར་ཁྱད་པར་ཡོད་དེ།

    ● ཆུ་ཚོད་12དང་སྐར་མ་0ནས་ཆུ་ཚོད་12དང་སྐར་མ་3བར། “སྔོན་ལ་ཉེན་བརྡ་གཏོང་བའི”ཉེན་བརྡའི་ཚོད་ལྟ་བྱ་རྒྱུ་སྟེ། སྐར་ཆ36བསྒྲགས་ནས་སྐར་ཆ24མཚམས་འཇོག་རྒྱུ། འདི་ལྟར་སྐར་མ་གསུམ་རྒྱུན་མཐུད་རྒྱུ། 

    ● ཆུ་ཚོད་12དང་སྐར་མ་6ནས་ཆུ་ཚོད་12དང་སྐར་མ་9བར། “མཁའ་རྒོལ་ཉེན་བརྡ་གཏོང་བའི”ཉེན་བརྡའི་ཚོད་ལྟ་བྱ་རྒྱུ་སྟེ། སྐར་ཆ་6བསྒྲགས་ནས་སྐར་ཆ་6མཚམས་འཇོག་རྒྱུ། འདི་ལྟར་སྐར་མ་གསུམ་རྒྱུན་མཐུད་རྒྱུ། 

    ● ཆུ་ཚོད་12དང་སྐར་མ་12ནས་ཆུ་ཚོད་12དང་སྐར་མ་15ཡི་བར། “ཉེན་བརྡ་མེད་པ་བཟོ་བའི”ཉེན་བརྡའི་ཚོད་ལྟ་བྱ་རྒྱུ་སྟེ། སྐར་མ་3བསྟུད་མར་སྒྲོག་རྒྱུ།

    དེ་དོན་ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན། 

    ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས། 

    2020ལོའི་ཟླ་9ཚེས་14ཉིན། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།